བྱ་ཁྱུང་མཁན་རབས་རེ་གཉིས་པ་ཁྲི་དམར་སྤྲུལ་སྐུ་ཡེ་ཤེས་བསྟན་འཛིན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:52:48     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རབ་འདོད་ཤིང་སྟག་ལོར་ཀ་རྒྱའི་བིས་རྒྱར་འཁྲུངས་བིས་ཐང་ཡེ་ཤེས་དར་རྒྱས་ལས་རབ་ཏུ་བྱུང་། བཱ་ཡན་སྟོན་ཐའི་དགོན་དུ་ཕེབས་ནས་འདོན་ཆོས་བསླབས།བཅོ་ལྔ་ལ་བྱ་ཁྱུང་ཆོས་གྲྭ་ཞུགས།གྲྭ་སར་ཕེབས།མཚན་བཏགས་བླངས།པཎ་ཆེན་རིན་པོ་ཆེར་བསྙེན་རྫོགས་ཞུས།རང་དགོན་དུ་ཕེབས་ནས་ཞེ་བདུན་པ་ལྕགས་བྱི་ལ་ཁྲིར་ཕེབས། ཆོས་སྲིད་གང་ཐད་ནས་ལེགས་ལམ་ཆེ།ཁྲི་ཟུར་ནས་རྗེ་གསེར་ཁང་བའི་ཞབས་ལ་གཏུགས།འདི་བ་ལུགས་གཉིས་ཀྱི་མཁྱེན་རྒྱ་ཆེ་ཞིང་ཐུགས་བསྐྱེད་བཟང་བ་བཅས་བྱ་ཁྱུང་རང་དུ་བཞུགས་ན་ཕན་ཐོགས་ཆེ་ཡང་སྒྲུབ་པ་ལ་གཞོལ་འདུན་ཆེ་བ་སོགས་གང་ཅིའི་རྐྱེན་གྱིས་རྒྱ་རྒྱའི་དགོན་དང་ཀ་མདོ་གདོང་དམར་སྣ་སོགས་སུ་བཞུགས་ནས་ཉམས་བཞེས་བསྐྱངས།རྒྱུད་པའི་འདུས་སྤྱིས་ཞུས་ངོར་གསང་འདུས་དང་བདེ་མཆོག་གི་དབང་གནང་།གཞན་ཡང་ལམ་རིམ་ཆེན་མོའི་བཤད་ལུང་དང་བདེ་ལམ་གྱི་ཉམས་ཁྲིད་སོགས་ཆོས་བཀའ་འགའ་རེ་གནང་།གསུང་རྩོམ་སྐོར་ཡང་།བར་དོའི་འཕྲང་སྒྲོལ་གྱི་འགྲེལ་བ།སྐུ་གསུམ་ལམ་ཁྱེར་ཚིགས་བཅད་མ།རིམ་གཉིས་ཀྱི་སྡོམ།སྦྱར་བྱང་མེད་པ་ཡང་མང་ཙམ་ཡོད་ཅེས་རྗེ་བདེ་ཡངས་རིན་པོ་ཆེས་གསུང་ཞེས་བྱ་ཚང་བའི་གདན་རབས་སུ་བཀོད་འདུག།རབ་ཚེས་ཤིང་ཁྱི ་ལོར་དགུང་ལོ་གྱ་གཅིག་ལ་འདས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།