བྱ་ཁྱུང་མཁན་རབས་དྲུག་ཅུ་བ་ཆུ་བཟང་སྤྲུལ་བའི་སྐུ་བློ་བཟང་ཐུབ་བསྟན་རབ་རྒྱས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:45:57     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རབ་འདོད་མེ་སྦྲུལ་ལོར་ལྕང་སྐྱ་ཡེ་ཤེས་བསྟན་པའི་རྒྱལ་མཚན་གྱི་མཆེད་དུ་འཁྲུངས།ཆུ་བཟང་རང་དགོན་དུ་ཐོས་བསམ་མཛད།འབྲས་སྤུངས་སུ་ཕེབས་ནས་ཚོགས་ཞུགས་དང་།ཁྲི་སྤྲུལ་བསྟན་པ་རབ་རྒྱས་སོགས་གསར་རྙིང་གི་བླ་མ་མང་བོ་བསྟེན་ཅིང་ཆོས་རྒྱུན་སྣ་ཚོགས་གསན།རབ་ཡིད་ཆུ་སྦྲུལ་དགུང་ལོ་སོ་བདུན་ཐོག་ཆུ་བཟང་ཇོ་ཁང་གྲགས་པ་ཅན་བཞེངས་པ་འགྲུབ།ལོ་དེར་བྱ་ཁྱུང་གི་ཁྲིར་ཕེབས་ནས་ལོ་གཅིག་བཞུགས།དེ་གོང་བྱ་ཁྱུང་གི་འདུ་ཁང་ཆེན་མོ་གསར་བཞེངས་ཀྱི་ཐུགས་ཁུར་བཞེས་པ་ནས་བཟུང་བྱ་ཁྱུང་གི་དགོན་བདག་མཛད།དེའི་ཕྱིར་ཕྱིས་སུ་སྐུ་ཕྲེང་ཕྱི་མ་རྣམས་ནས།བྱ་ཁྱུང་གི་གཞུང་ལས་པ།བླ་མ་དབུ་མཛད།གྲྭ་ཚང་གསུམ་གྱི་ཁྲི་བ་རྣམས་བསྐོས་བཞག་གི་འགན་བཞེས་པ་ནི་རྒྱུ་མཚན་འདི་ལ་ཐུག།དགུང་ལོ་རེ་གཉིས་ཐོག་འདས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།