བྱ་ཁྱུང་མཁན་རབས་ང་བརྒྱད་པ་ཇུ་ནང་མཁན་པོ་ངག་དབང་སྙན་གྲགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:39:11     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

མཚོ་སྔོན་གཡོན་རུ་ཇུ་ནང་ཇ་སག་གི་མངའ་ཞབས་སུ་རབ་འདོད་མེ་ཁྱི་ལོར་འཁྲུངས་།དགུང་ལོ་བཅུ་གསུམ་ཐོག་བྱ་ཁྱུང་དུ་ཕེབས།སློབ་གཉེར་ལ་འགྲུས།རྐ་ཕུག་གྲུབ་ཆེན།ཐའུ་བཀན་རིན་པོ་ཆེ།གུང་ཐང་འཇམ་པའི་དབྱངས།ཨ་རིག་དགེ་བཤེས་ཆེན་མོ། རྗེ་གསེར་ཁང་བ་སོགས་བསྟེན།ཁྱད་པར་དུ་རྐ་ཕུག་རིན་པོ་ཆེའི་ཐུགས་སྲས་འགྲན་ཟླ་དང་བྲལ་རབ་གྱུར་ཅིང་གསན་རྒྱ་ཆེ། དགུང་ལོ་ང་དགུ་ཐོག་ཁྲི་ལ་ཕེབས་ནས་ལོ་བརྒྱད་ཀྱི་རིང་འཆད་སྙན་སྨར།བླ་བྲང་ཞིག་གསོས་ཀྱང་ཕུལ་ཕྱིན་གནང་ཡང་གེགས་དབང་གིས་ཚོགས་ཆེན་འདུ་ཁང་ལ་མེ་དགྲ་བྱུང་བས་སྤྱི་རྫས་སོགས་ཉམས་ཆགས་ཆེ།རེ་བདུན་པར་ཟུར་བཞུགས་མཛད།དོན་དྲུག་སྟེང་ཞི་བར་གཞོལ།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།