བྱ་ཁྱུང་མཁན་རབས་ང་བདུན་པ་སྒར་བ་ཚང་གི་སྤྲུལ་རྒྱུན་བློ་བཟང་དབང་ཕྱུག །

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:36:08     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་མདོ་བ་ཡར་ནང་།བྱ་ཁྱུང་དང་སེར་བྱེས་སུ་ཐུགས་གཉེར་དང་སེ་རའི་གླིང་བསྲེ་མཛད།རྒྱུད་སྨད་འགྲིམས།ཁྲི་ངག་དབང་སྙན་གྲགས་མངའ་རིས་མཐོ་ལྡིང་མཁན་པོར་ཕེབས་པའི་ཞབས་ཕྱིར་ཕྱིན།སྐབས་འགར་སྐུ་ཚབ་དང་དགོན་པ་ཁ་ཤས་ཀྱི་བླ་མ་མཛད།བྱ་ཁྱུང་དུ་ཕེབས་ནས་དུས་འཁོར་གྱི་དབང་དང་།སྔགས་རིམ་ཆེན་མོ་དང་འགྲེལ་བ་བཞི་སྦྲགས་ཀྱི་བཤད་ལུང་གནང་།སེང་ཁྲིར་ཕེབས་ནས་ལུགས་གཉིས་ཆར་གྱིས་བསྐྱངས།ཡབ་རྗེ་གསེར་ཁང་བས་དམ་པ་འདི་ལས་རྟ་མགྲིན་ཡང་གསང་དབང་སོགས་གསན།ཇུ་ནང་ངག་དབང་སྙན་གྲགས་ཀྱིས་མཚམས་འདི་རེག་གི་གདན་རབས་བརྩམས་སྣང་།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།