བྱ་ཁྱུང་མཁན་རབས་ཞེ་བརྒྱད་པ་སྦྱིན་པ་ཀུན་བཟང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:24:02     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

གཅན་ཚའི་རི་བཟང་རྩར་སྔགས་རྒྱུད་བཟང་བ་ཞིག་ཏུ་འཁྲུངས།བྱ་ཁྱུང་དང་སེར་བྱེས་གཉིས་ཀར་སློབ་གཉེར་མཐར་ཕྱིན་ནས་ལྷ་རམས་དམ་བཅའ་གནང་།སེར་བྱེས་ཁས་ལེན་གྱི་ཁུངས་གཏུགས་སའི་མཁས་གྲགས་ཤིན་ཏུ་ཆེ།བླ་མ་བྱམས་པ།པཎ་ཆེན་དཔལ་ལྡན་ཡེ་ཤེས།དཀའ་ཆེན་ཡོངས་འཛིན།དགེ་བཤེས་ཐོགས་མེད།ཁྲི་ངག་དབང་སྙན་གྲགས་སོགས་མང་བོའི་ཞབས་བསྟེན།བྱ་ཁྱུང་དུ་ཕེབས་ནས་རྒྱུད་པའི་སློབ་དཔོན་དང་སེང་ཁྲིར་ཕེབས།པོ་ཏི་ལྔའི་རྩ་བ་དང་།བརྒྱད་སྟོང་བའི་བཤད་ལུང་དཀའ་ཆེན་ཡོངས་འཛིན་གསུང་རྒྱུན་ལྟར་གནང་།ཁྲི་ཟུར་ནས་ཀྱང་ལམ་རིམ་ཆེན་མོའི་བཤད་ལུང་།འཇམ་དཔལ་ཞལ་ལུང་།ལམ་གཙོའི་ཁྲིད་སོགས་ཆོས་རྒྱུན་ཆེར་སྩལ།ཞལ་འདོན་དུ་བདེ་གསང་འཇིགས་གསུམ་གྱི་ཆོ་ག་དང་།མ་ཎི་དུང་ཕྱུར་གཉིས་ལྷག།རྗེའི་གསུང་འབུམ་དང་།ཡོངས་འཛིན་གསུང་འབུམ་སོགས་པོད་བདུན་ཅུ་ཙམ་ལ་དུས་རྒྱུན་དཔེ་གཟིགས་མཛད།སྐུ་ཆས་གང་ཡོད་ཆོས་ཕྱོགས་སུ་ཕངས་མེད་དུ་གཏོང་།དགུང་ལོ་གྱ་གྲངས་ལ་བཞུགས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།