བྱ་ཁྱུང་མཁན་རབས་ཞེ་བདུན་པ་སྡོང་ངེ་དགེ་འདུན་ཆོས་འཕེལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:21:48     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་སྡོང་ངེ་མར་ཁ་སྟེ་སྐུ་ཕྱོགས་སྡོང་ངེ་ཚང་དུ་གྲགས།གདན་སའི་ཆོས་སྒོར་ཞུགས།བྱ་ཁྱུང་དང་སེར་བྱེས་གྲྭ་ཚང་གཉིས་ཀ་ནས་གླིང་བསྲེའི་མཚན་བཏགས་བཞེས།སླར་གདན་སར་ཕེབས་ནས་བླ་མ་དབུ་མཛད་དང་རྒྱུད་པའི་མཁན་པོ་མཛད། དེ་ནས་སེང་ཁྲིར་ཕེབས་ནས་འཆད་ཉན་རྒྱ་ཆེར་གནང་ཞིང་།གྲྭ་ཚང་ལ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་འབུམ་ལུང་ཡང་སྩལ།ལམ་རིམ་ཆེན་མོ་མཆན་གསུམ་མའི་དཔེ་གསར་བཞེངས་མཛད་དེ་ཨ་རིག་དགེ་བཤེས་ཆེན་མོ་བྱམས་པ་དགེ་ལེགས་རྒྱལ་མཚན་དཔལ་བཟང་བོར་བཤད་ལུང་ཞུས་པས་མཚོན།གསང་འདུས་དབང་སོགས་ཆོས་བཀའ་གཞན་ཡང་ཅིརིགསཞུས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།