བྱ་ཁྱུང་མཁན་རབས་ཞེ་བཞི་བ་རྩ་བ་ངག་དབང་དགེ་ལེགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-06 10:05:48     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

ཆུང་ངུ་ནས་ཆོས་སྡེ་འདིའི་ཆོས་གྲྭར་ཞུགས།སྐུ་ཡོན་ཤིན་ཏུ་རྒྱས་ཤིང་གླིང་བསྲེའི་མཚན་བཏགས་བཞེས།རབའདོདལྕགསཕག་ལོར་སེང་ཁྲིར་ཕེབས་ཏེ་ལོ་འདིར་དགུ་རོང་གྲུབ་ཆེན་འཁྲུངས།ཁོང་བ་ཁྲི་བ་བཞུགས་པ་ཡན་གྱི་བྱ་ཁྱུང་གི་གདན་རབས་རྒྱས་པ་སོགས་གསུང་རྩོམ་འགའ་རེ་སྣང་།སེང་ཁྲིར་ཕེབས་ནས་འཆད་ཉན་གྱི་རྟིང་སྐུལ་གང་དྲག་དང་།ཆོས་རའི་བྱང་ངོས་སུ་གྱན་ཐང་ཆེ་ཚད་ལྔ་སོགས་གསར་བཞེངས་མཛད།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།