བྱ་ཁྱུང་མཁན་རབས་ཞེ་གཉིས་པ་ཐུའུ་བཀཱན་ཆོས་ཀྱི་ཉི་མ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:47:21     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རབ་ཉི་མེ་སྦྲུལ་ལོར་དཔའ་རི་ཞྭ་དམར་ནས་འཁྲུངས།སུམ་པ་པཎྜི་ཏ།ལྕང་སྐྱ་རོལ་བའི་རྡོ་རྗེ།རྒྱལ་བ་ཡབ་སྲས།བླ་མ་བྱམས་པ་རིན་པོ་ཆེ།ཀུན་མཁྱེན་འཇིགས་མེད་དབང་བོ་སོགས་ཀྱི་ཞབས་ལ་གཏུགས།སྐུ་ཡོན་དང་མཛད་འཕྲིན་དཔེ་མེད་རྒྱས། དགུང་ལོ་ང་གཅིག་པ་མེ་ལུག་ལོར་བྱ་ཁྱུང་གི་ཁྲི་ལ་བཞུགས་ནས་ལོ་ངོ་གསུམ་ལ་ལེགས་པར་བསྐྱངས།གོང་མ་ཆེན་མོར་ཞུས་ཏེ་སྐད་བཞི་ཤན་སྦྱར་ཅན་བསྟན་རྒྱས་གླིང་ཞེས་པའི་ཙི་པན་བདག་རྐྱེན་དུ་ཐོབ།དབང་ལུང་རྗེས་གནང་སོགས་ཆོས་བཀའ་ཅི་རིགས་པ་གནང་།འཆད་ཉན་ལ་རྟིང་སྐུལ་བཟང་བས་ཕྱག་རྗེས་ཤིན་ཏུ་ཆེ།རྣམ་ཐར་རྒྱས་པ་ཟུར་ན་བཞུགས་པས་འདིར་སྐབས་འབྲེལ་ཙམ་ལས་བཀོད་མེད་དོ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།