བྱ་ཁྱུང་མཁན་རབས་བཞི་བཅུ་བ་གདོང་གཞུག་ཞབས་དྲུང་བློ་བཟང་ཆོས་གྲགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:43:39     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རོང་བོ་སྐྱ་ཡིས་ནས་འཁྲུངས།མཁན་ཆེན་ངག་དབང་ཆོས་གྲགས་ཀྱི་སྤྲུལ་བར་ངོས་བཟུང་།བྱ་ཁྱུང་གི་ཆོས་སྒོར་ཞུགས་ནས་བསྡུས་གྲྭར་སྦྱངས།དབུས་སུ་ཕེབས།ཁྲི་ཆེན་ངག་དབང་མཆོག་ལྡན།རྗེ་བྱམས་པ།རྩེས་ཐང་མཁན་པོ་དཔལ་འབྱོར་གྲགས་པ་སོགས་བསྟེན་ནས་ཆོས་རྒྱུན་མནོག་ཆེ་བ་གསན།རང་ཡུལ་དུ་ཕེབས་ནས་རྒྱུད་པའི་བླ་མ་དབུ་མཛད་དང་དཔོན་སློབ་སོགས་རིམ་གྱིས་ཁུར་ནས་རབ་འདོད་ལྕགས་གླང་ལོར་སེང་ཁྲིར་ཕེབས།ཆོས་ར་ཆེན་མོ་རྒྱ་བསྐྱེད་པ་དང་།རྟེན་བཞེངས་ཚོགས་གསོག་རྒྱ་ཆེན་མཛད། ལོ་བཞིར་བསྐྱངས་ནས་དགོངས་པ་ཞུས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།