བྱ་ཁྱུང་མཁན་རབས་སོ་དྲུག་པ་ངག་དབང་དོན་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:33:33     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

མདོ་བ་མར་ནང་དུ་འཁྲུངས།བྱ་ཁྱུང་དང་སེར་བྱེས་སུ་སྐུ་ཡོན་སྦྱངས།ལྷ་རམས་མཛད་དེ་རྒྱུད་སྨད་དུ་ཞུགས།ཁྲི་ངག་དབང་མཆོག་ལྡན་གྱི་ཞབས་བསྟན།རབ་ཉི་ཆུ་ཁྱི་ལོར་གདན་སའི་ཁྲིར་འཁོད།གསེར་གདུང་ཆུང་བར་ཞིག་གསོས་མཛད།ཁྲིར་བཞུགས་ཐོག་རབ་འདོད་ས་འབྲུག་ལོར་ཁྲི་ཆེན་ངག་དབང་མཆོག་ལྡན་ནས་གསར་སྐྲུན་མཛད་པའི་གསེར་གདུང་རྒྱ་ཕིབས་གནང་བ་གསེར་གདུང་ལྷ་ཁང་དུ་སྒྲོན་པ་སོགས་སྔོན་མེད་བྱ་བ་ལས་ཀྱི་འཁོར་ལོ་རྒྱ་ཆེར་མཛད།མཚོ་སྔོན་དཔོན་ཁག་མང་པོས་བཀུར་ཞིང་ཁྱད་པར་དུ་ཆིང་ཝང་དབང་ལྡན་རྡོ་རྗེ་ཕ་ལམ་གྱི་སྐུ་སྲུང་མཛད།མཚན་ལམ་དུ་ཆོས་སྐྱོང་གིས་བསྐུལ་བའི་མཚན་མ་བྱུང་བ་བཞིན་དམ་ཅན་དང་མགར་ནག་གཉིས་ཀྱི་གར་འཆམ་བཙུགས།སྐུ་ཆས་གང་ཡོད་ཀྱིས་རྟེན་བཞེངས་དང་ཚོགས་མང་བསྐྱངས།ཁྲི་ལོ་བདུན་ལ་བཞུགས་པའི་མཐར་དགུང་ལོ་དོན་བདུན་ཐོག་མྱ་ངན་ལས་འདས་ཏེ་སྐུ་ཕྲེང་རྗེས་མ་རྣམས་ལ་མདོ་བ་བེ་སི་ཚང་དུ་གྲགས་སོ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།