བྱ་ཁྱུང་མཁན་རབས་སོ་བཞི་བ་གོང་ཡུ་ངག་དབང་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:27:01     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

གཅན་ཚ་གོང་ཡུར་རབ་འདོད་ས་འབྲུག་ལོར་འཁྲུངས།བྱ་ཁྱུང་དང་སེར་བྱེས་གྲྭ་ཚང་གཉིས་ཀར་བཀའ་པོད་ལ་སྦྱངས་ཏེ་གླིང་བསྲེའི་མཚན་བཏགས་བཞེས།མདོ་སྨད་དུ་ཕེབས་ནས་གཞིས་དགོན་དཀར་པོ་གདོང་དུ་བཞུགས།ལྕགས་ཁྱི་ལོར་ཏོར་གེ་ཨམྦྷན་གྱིས་བྱ་ཁྱུང་གི་ཁྲིར་བསྐོས།མཁན་པོ་ཁྲིར་གསར་བཞུགས་མཛད་སྐབས་དཔལ་ལྡན་ཡོན་ཚོགས་མའི་རྟ་དབྱངས་གཏོང་བ་དང་།རྒྱན་འཇུག་མཚན་གསུམ་རྒྱུགས་ལེན་པའི་སྲོལ་འདི་བའི་སྐུ་རིང་ནས་ཚུགས།འདུ་ཁང་གི་ཡོ་སྲོང་བ་དང་རྒྱ་མཐོངས་སྔར་ལས་ཇེ་རྒྱས་སུ་བཏང་།ཀུན་མཁྱེན་འཇིགས་མེད་དབང་པོ་དང་།ཁྲི་ཆེན་ངག་དབང་སྙན་གྲགས་སོགས་ཀྱིས་བསྔགས་བརྗོད་ཆེར་མཛད།ཐུན་བཞི་ཆགས་མེད་ཀྱིས་ཕྱག་ཕྲེང་བཅུ་གསུམ་ལ་གྲངས་གསོག་གི་ཞལ་འདོན་སྨར།ཁྲི་བཞག་པའི་རྗེས་ནས་དཀར་པོ་གདོང་དུ་ཐུགས་དམ་ལ་གཞོལ་བའི་མུས་དགུང་ལོ་དོན་གསུམ་སྟེང་མྱ་ངན་ལས་འདས།ཀླུ་འབུམ་པས་སོ་གསུམ་པ་ལ་ངག་དབང་རྒྱ་མཚོ་དང་སོ་བཞི་བ་ལ་ངག་དབང་རྒྱལ་མཚན་ཞེས་བྲིས་པ་མ་དག་སྙམ།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།