བྱ་ཁྱུང་མཁན་རབས་སོ་གསུམ་པ་ཟི་ན་ངག་དབང་བསྟན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-09-01 11:25:32     རྩོམ་པ་པོ།   ཚེ་ཏན་ཞབས་དྲུང་།    ཀློག་ཐེངས།  

རབ་དྲག་ཆུ་ཕག་ལོར་ཟི་ནའི་གདུང་རྒྱུད་དུ་འཁྲུངས།སྐུ་འབུམ་དང་།སེར་བྱེས་གྲྭ་ཚང་དུ་སློབ་གཉེར་མཛད་དེ།དཀའ་བཅུའི་མཚན་བཏགས་བླངས།སྒྲུབ་ཁང་བ་དགེ་ལེགས་རྒྱ་མཚོའི་ཞབས་ལ་གཏུགས།མདོ་སྨད་དུ་ཕེབས་ཏེ་དབེན་གནས་སེང་གེ་རྫོང་དུ་སྒྲུབ་པ་ལ་གཞོལ།རྒྱལ་མཆོག་བསྐལ་བཟང་རྒྱ་མཚོ་དགུང་ལོ་ཕྲ་མོའི་དུས་སྐུ་འབུམ་དུ་ཕེབས་སྐབས་མཚོ་སྔོན་པོར་ཆིབས་བསུ་ལ་ཕེབས་ཤིང་རྒྱལ་མཆོག་གིས་གཟིགས་པ་ཆེ།དེ་ཉིད་ཀྱི་བཀས་སྐུ་འབུམ་རྒྱུད་པའི་མཁན་པོ་མཛད།རབ་ཉིའི་ཤིང་འབྲུག་ལོ་ནས་བཟུང་བྱང་གི་དགོན་ཆེན་རྣམས་ཀྱི་བྱ་བ་གང་ལ་ཡང་རྒྱ་ནག་རྒྱལ་པོས་དབང་བསྒྱུར་སྟབས།ཏོར་གེ་ཨམྦྷན་སྐ་རགས་སེར་བོ་ཅན་གྱིས་མེ་རྟའི་ལོར་རྗེ་འདི་བ་བྱ་ཁྱུང་གི་བླ་མར་བསྐོས།ལོ་ལྔའི་བར་གདན་ས་བསྐྱངས་ནས་ལྕགས་ཁྱི་ལ་དགོངས་པ་ཞུས།ལྕགས་བྱ་ལ་སྐུ་འབུམ་ཚོགས་ཆེན་གྱི་ཁྲིར་ཕེབས་ཏེ་འཆད་ཉན་བསྐྱངས།དགུང་ལོ་རེ་བཞི་བ་མེ་སྟག་ལ་འདས།

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།