བྱ་ཁྱུང་མཁན་རབས་ཉེར་དགུ་བ་ཁུ་ར་ཞབས་དྲུང་ཡེ་ཤེས་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 21:28:09     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་མཚོ་སྔོན་བསྟན་འཛིན་ཝང་གི་མངའ་ཞབས།གྲྭ་ས་འབྲས་སྤུངས་སྒོ་མང་ཧར་ལྡོང་།སྐུ་ན་གཞོན་དུས་ནས་ཐུགས་རབ་ཆེ་ཞིང་མཛད་སྒོ་ལེགས།བཱ་ཡན་དགེ་ཕྱུག་དགོན་པ་འདི་བས་བཏབ་པར་བཤད།བྱ་ཁྱུང་གི་ཁྲིར་བཞུགས་ནས་ལོ་གཅིག་ཙམ་མ་འཁོར་བའི་སྐབས་དེར་མཚན་ལམ་འཁྲུགས་ནས་བཞུགས་སྟབས་མ་བདེ་བའི་རྐྱེན་གྱིས་འཁྲུངས་གཞིས་སུ་ཕེབས། འཕྲིན་ཡིག་གི་ལམ་ནས་ཁྲིའི་དགོངས་པ་ཞུས་འཕྲལ་རིང་བོ་མ་ལོན་པར་སྐུའི་མེ་ཏོག་ཡལ། །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།