བྱ་ཁྱུང་མཁན་རབས་ཉེར་བཞི་བ་ངག་དབང་ཚུལ་ཁྲིམས་ཏེ་མཚན་གཞན་ཡེ་ཤེས་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 15:25:59     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

འཁྲུངས་ཡུལ་གཅན་ཚའི་ནང་སྟོད་དེ་ཁྲི་ངག་དབང་མཆོག་ལྡན་གྱི་ཁུ་བོ་ཡིན།གྲྭ་ས་སེར་བྱེས་བསམ་བློ།རབ་ཉིའི་ས་སྦྲུལ་ལོརབྱ་ཁྱུང་གི་གདན་ས་བ་མཛད།ལོ་འདིར་དབོན་པོ་དག་དབང་མཆོག་ལྡན་ཡང་ཆོས་གྲྭ་ཞུགས།འདི་བ་གཅན་རོང་གྲྭ་རྒྱུན་ནང་ནས་བླ་མར་བསྐོས་པའི་དང་པོ་ཡིན།འདི་བའི་རིང་ལ་འཆད་ཉན་ཤིན་ཏུ་འཕེལ།རྒྱལ་དབང་ལྔ་བའི་སྐུ་པར་དང་།གཟུངས་གཞུག།ཀུན་རིག་གི་ཆོ་ག།མངོན་རྟོགས་རྒྱན་རྣམས་ཀྱི་པར་གསར་སྐྲུན་མཛད་དེ།འདི་དག་ནི་ཆོས་སྡེ་འདིར་པར་གསར་སྐྲུན་མཛད་པའི་ཐོག་མ་ཡིན་པར་མངོན།བླ་བྲང་ཁང་དམར་བཞུགས་ཁྲི་དང་བཅས་པ་གསར་བཞེངས་མཛད།སྐབས་ཤིག་མངའ་རིས་ཕྱོགས་ནས་འོངས་བའི་བེག་ཙེའི་འཆམ་ལ་མཁས་པ་ཞིག་གིས།ཛ་ཛ་ཀྱེ་ཀྱེ་ཞེས་པའི་དྲག་སྐུལ་དང་སྦྲགས་པའི་སྒྲོག་འགྲོས་ཀྱི་འཆམ་སྲོག་བདག་དམར་པོའི་གར་སྟབས་འདི་བསླབས་པ་ཡིན་ཞེས་ཇུ་ནང་ཁྲི་རྒན་ཚང་གི་གསུང་སྒྲོས་སྣང་།དེབ་ཐེར་རྒྱ་མཚོར།གཅན་ཚའི་བྲག་ལུང་དགོན་པ་འདི་བས་བཏབ་པར་བཤད་པ་དང་།རྒྱལ་བ་འཇམ་དཔལ་རྒྱ་མཚོས་མཁན་པོ་ཧོ་ཐོག་ཐུར་གནང་བའི་བཀའ་ཤོག་ཏུ༑ཁྲི་ཆེན་ངག་དབང་མཆོག་ལྡན་པའི་བླ་མ་གོང་མས་བཏབ་པའི་རི་ཁྲོད་བྲག་ལུང་བཀྲ་ཤིས་ཆོས་གླིང་།ཞེས་པ་གཉིས་དགོངས་པ་མཐུན་པར་ཡོད་པས་བྲག་ལུང་དགོན་ཡང་འདི་བས་བཏབ་སྟེ།ངག་དབང་ཚུལ་ཁྲིམས་ཀྱི་སྐུའི་སྲིད་ཕྱི་མ་ནི་ཁྲི་ཆེན་གྱི་སྐུ་ཚ་རི་ལམ་ནས་འཁྲུངས་པའི་མཁན་པོ་ཧོ་ཐོག་ཐུ་ངག་དབང་མཁས་གྲུབ་རྒྱ་མཚོ་ཡིན།ལོ་ངོ་དྲུག་ལ་ཁྲི་བསྐྱངས་ནས་དགོངས་པ་ཞུས།དགུང་ལོ་རེ་གཅིག་ཐོག་འདས་ནས་གདུང་ལ་བྱང་ཆུབ་མཆོད་རྟེན་ཁྲུ་ཚད་མ་གསེར་ཤོག་གི་རྩི་ཅན་ཞིག་བཞེངས།

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།


རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn



རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།