བྱ་ཁྱུང་མཁན་རབས་ཉི་ཤུ་པ་བསོད་ནམས་རིན་ཆེན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 14:42:03     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

མཁན་རབས་ཉི་ཤུ་པ་བསོད་ནམས་རིན་ཆེན།

བཅོ་བརྒྱད་པ་སྟག་ཕྱུག་འཕྲིན་ལས་རྒྱ་མཚོ།

འཁྲུངས་ཡུལ་སྒོ་མེ་མི་ཉག་སྟག་ཕྱུག།རྟར་ལོར་སྐུ་འཁྲུངས།གྲྭ་ས་འབྲས་སྒོ་མང་བསམ་བློ།ཧལ་ཧའི་རྒྱལ་པོ་ཨུ་ཅང་གིས་བསྐུལ་སྐུ་འབུམ་མཆོད་གཞིས་ཞིང་སྐྱོང་ཁྱུང་ཐར་དུ་ཤིང་མོ་བྱ་ལ་འཁྲུངས།སྐུ་འབུམ་ཚོགས་ལ་ཞུགས།ནར་སོན་ནས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཕེབས་ནས་གསན་སྦྱོང་མཛད།འགག་ཤིང་རིན་ཆེན་ཞེས་མཁས་གྲགས་རྒྱས།སྨད་རྒྱུད་དུ་ཕེབས་ནས་སྔགས་ཀྱི་དམ་བཅའ་བཞག།དགེ་སྐོས་ཐོན་ཟིན་འཕྲལ་རང་ཡུལ་དུ་ཕེབས།རབ་དྲག་ཆུ་འབྲུག་ལོར་སྐུ་འབུམ་རྒྱུད་པའི་ཁྲིར་བཞུགས། ཁོང་བའི་རིང་ལ་རྒྱུད་པ་བླ་བྲང་དང་གཟིམ་ཁང་བཅས་གསར་བཞེངས་བྱས།ཀུན་གཟིགས་ལྔ་བ་ཆེན་པོས་བཀའ་ཤོག་སྩལ། ཆུ་སྦྲུལ་ལ་སྐུ་འབུམ་མཁན་པོར་བཞུགས།དེའི་རྗེས་ནས་བྱ་ཁྱུང་གི་ཁྲིར་བཞུགས།འདི་བའི་རིང་ལ་སེང་ཁྲི་ཁང་གསར་བཞེངས་མཛད་ཅེས་གདན་རབས་རྣམས་སུ་འབྱུང་ན་ཡང་།ཞིག་གསོས་མཛད་པ་ལས་གསར་བཞེངས་བྱས་པ་མིན་ནམ་སྙམ་སྟེ།སེང་ཁྲི་ཁང་ནི་རྒྱལ་བ་བསོད་ནམས་རྒྱ་མཚོ་ཕེབས་པའི་རིང་ནས་ཡོད་པ་ནི།གསོལ་འདེབས་ཕུན་ཚོགས་དོན་ཀུན་མའི་མཛད་བྱང་ན་གསལ་བ་སྔར་བཀོད་པ་ལྟར་རོ།།དེ་ལྟར་ན་སྐུ་འབུམ་མཁན་ཟུར་ལས་འདི་གའི་གདན་སར་ཕེབས་པའི་ཐོག་མ་ནི་འདི་བ་ཡིན་པར་མངོན། །

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

རྩོམ་སྒྲིག་པ། ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།