བྱ་ཁྱུང་མཁན་རབས་བཅུ་གསུམ་པ་གཙང་པ་ངག་དབང་བསོད་ནམས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-31 09:50:50     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  


འདི་བ་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་བཻ་སེར་དུ་མ་བགྲངས་པ་ནི་བྱ་ཁྱུང་མཁན་རབས་གསོལ་འདེབས་སུ་ཆད་སྐྱོན་བྱུང་བས་ལན་པ་འདྲ་ལ།དེར་མ་ཟད་ཆུ་བཟང་རིན་པོ་ཆེ་དང་ངག་དབང་དགེ་ལེགས་ཀྱི་གདན་རབས་སུ་ཡང་མ་བྱུང་ངོ་།གྲུབ་ཆེན་སྐལ་ལྡན་རྒྱ་མཚོའི་གསུང་ལས།ཁྱད་པར་དུ་ངག་དབང་བསོད་ནམས་འདི་བ་དེང་སང་དགོན་སྡེ་གྲྭ་ཚང་དང་བཅས་པ་ལ་ཤིན་ཏུ་ཕན་པ་ཞིག་གོ།ཞེས་གསུངས་པ་ལ་དཔགས་ན།ཁོང་བས་རབ་བྱུང་བཅུ་གཅིག་པའི་ཉེར་དྲུག་པ་ཆུ་འབྲུག་ལ་ཆོས་འབྱུང་ས་བོན་བརྩམས་པའི་ལོ་དེར་ངག་དབང་བསོད་ནམས་ཁྲི་ལས་ཐོག་པ་ཡིན་པར་སྣང་།ཆུ་འབྲུག་གི་ལོ་དེར་རྒྱལ་དབང་ལྔ་བ་རིན་པོ་ཆེ་རྒྱ་ནག་ཕོ་བྲང་དུ་ཕེབས་ལམ་མཚོ་སྔོན་པོའི་མཚོ་འཇུག་རིང་མོ་གཞུང་དུ་ཕེབས་སྐབས་བྱ་ཁྱུང་དགོན་གྱི་ཁྲི་གདན་ཟུར་དང་།ཨ་རྒྱ་ནང་སོས་གཙོས་རྟ་བ་བརྒྱ་སྐོར་བསུ་བར་བྱུང་།ཞེས་ལྔ་བའི་རྣམ་ཐར་དུ་ཀཱུ་ལར་གསུངས་པའི་ཁྲི་བ་ནི་ངག་དབང་བསོད་ནམས་དང་།ཁྲི་ཟུར་ནི་དགེ་འདུན་ཚུལ་ཁྲིམས་ཡིན་པར་གོར་མ་ཆག །

ཚེ་ཏན་ཞབས་དྲུང་གི་བྱ་ཁྱུང་གདན་རབསལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།