བྱ་ཁྱུང་མཁན་རབས་ལྔ་བ་གཙང་བ་གྲགས་པ་རྒྱ་མཚོ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-08-30 21:13:12     རྩོམ་པ་པོ།   ཚེ་བརྟན་ཞབས་དྲུང་།    ཀློག་ཐེངས།  

མཁན་རབས་ལྔ་བ་གཙང་བ་གྲགས་པ་རྒྱ་མཚོ།

མཁན་རབས་དྲུག་པ་བཟང་པོ་འོད་ཟེར།

མཁན་རབས་བདུན་པ་ཐར་བ་བཟང་པོ།

འདིའི་འཁྲུངས་ཡུལ་ལྷོ་བྲག་དང་།གྲྭ་ས་གསང་ཕུ།འདིའི་སྐུ་རིང་ལ་སྔར་རྒྱལ་བ་བསོད་ནམས་རྒྱ་མཚོའི་ཐད་དུ་བཤད་ཟིན་པ་ལྟར་ཆོས་ལྡན་གྱི་མཛད་པ་རྒྱ་ཆེར་བསྐྱངས།རྒྱལ་བ་བསོད་ནམས་རྒྱ་མཚོ་བྱ་ཁྱུང་དུ་ཕེབས་དུས་འདི་བ་མཁན་ཁྲི་ལས་ཐོག་པ་ཡིན་པ་ལྟ་ན།ཨ་གྲོ་ཆོས་རྗེར་རྒྱལ་བ་དགེ་འདུན་རྒྱ་མཚོས་གསུང་འཕྲིན་གནང་བའི་ལོ་དེ་ནས་རྒྱལ་བ་བསོད་ནམས་རྒྱ་མཚོས་བྱ་ཁྱུང་དུ་ཕེབས་པའི་ཆུ་ལུག་ལོའི་བར་ལ་ལོ་བཞི་བཅུ་ཞེ་བཞི་ཡོད་པས་དེའི་ཡུན་ལ་གྲགས་པ་རྒྱ་མཚོ་དང་།བཟང་པོ་འོད་ཟེར་དང་། ཐར་བ་བཟང་པོ་གསུམ་གྱིས་མཁན་ཁྲི་བསྐྱངས་པ་ཡིན་ནོ་ཞེས་ཀྱང་ཤེས་པར་བྱ།

ཚེ་ཏན་ཞབས་དྲུང་གི་《བྱ་ཁྱུང་གདན་རབས》ལས་བཤུས།

རྩོམ་སྒྲིག་པ།ནོར་བཟང་རྒྱ་མཚོ།

གསལ་འདེབས།།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་།གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།དྲ་བའི་སྦྲེལ་ཐགhttp://www.tb1025.cn


བརྒྱུད་འགོད།