འབྲས་སྒོ་མང་གདན་རབས་དྲུག་ཅུ་རེ་ལྔ་བ་ལྷ་དབང་གླིང་པ་དགེ་འདུན་བློ་བཟང་མཆོག

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-26 14:34:44     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

125582222271342108.jpg

                         བརྒྱུད་འདེབས་ལས།
                                   དགེ་ལེགས་ལུང་རྟོགས་ཀུན་གསལ་ཁྱོན་ཡངས་པོར། །
                                   འདུ༷ན་མོས་རེ་སྐོང་མཁྱེན་བརྩེ་ནོར་བུའི་སྤྲིན། །
                                   བློ་ཆེན་དགོངས་པའི་གྲུ་ཆར་འབུམ་འཇོ་བ། །
                                   བཟ༷ང་པོའི་བཤེས་གཉེན་དམ་པར་གསོལ་བ་འདེབས། །ཞེས་བྱུང་།
                                  ༼འདི་ཀླུ་འབུམ་དགེ་བཤེས་ཤེས་རབ་རྒྱ་མཚོའི་གསུང་དུ་སྣང་།༽
        གདན་རབས་དྲུག་ཅུ་རེ་ལྔ་པ། ལྷ་དབང་གླིང་པ་དགེ་འདུན་བློ་བཟང་མཆོག་ནི། སྟོད་ལུང་གད་པོར་འཁྲུངས། གཞོན་ནུ་ཉིད་ནས་རབ་ཏུ་བྱུང་སྟེ། བསམ་བློ་ཁང་ཚན་ཏུ་ཞུགས་ནས་གཞུང་ཆེན་རྣམས་ལ་སྦྱངས་པས་མཁས་གྲགས་ཤིན་ཏུ་ཆེ་བས་འདུལ་བ་མཁན་པོའི་ཁྲིར་ཕེབས། ༸གོང་ས་བཅུ་གསུམ་པ་ཆེན་པོ་རྒྱ་སོག་གི་ཡུལ་གྲུར་ཕེབས་སྐབས་སྐུ་བཅར་དུ་ཡོད་པའི་འདུལ་བ་མཁན་པོ་དེ་ཡིན་པར་སྣང་། དེའི་རྗེས་རབ་བྱུང་༡༦ པའི་ས་འབྲུག་ཕྱི་ལོ་༡༩༢༨ ལོར་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་ཁྲིར་ཕེབས། དེ་ནས་ལོ་གསུམ་སོང་བ་ལྕགས་རྟ་ལོར་མཁན་ཆེན་འོད་ཟེར་རྡོ་རྗེའི་འཕྲོ་བསྐྱངས་པའི་རིགས་གྲྭ་ལན་གཅིག་བཏང་། དེ་ནས་རང་སྐལ་རིགས་གྲྭའི་ལོ་བཞི་སོང་བ་ཤིང་ཁྱི་ཕྱི་ལོ་༡༩༣༤ ལོར་གྲྭ་ཚང་ཡང་སྟེང་བླ་བྲང་རང་དུ་དགོངས་པ་གཞན་དོན་དུ་གཤེགས་སོ། །
                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།