འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་དགུ་བ་ཟུང་ཆུ་བློ་བཟང་མཆོག་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-07 21:08:03     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

70035007226342927.jpg

                               བརྒྱུད་འདེབས་ལས།
                                         བློ་གྲོས་བཟ༷ང་པོའི་དཀྱིལ་འཁོར་རབ་ཏུ་རྒྱས། །
                                         མཆོག་དང་ཐུན་མོང་དངོས་གྲུ༷བ་འབྱུང་བའི་གཞི། །
                                         རྒྱལ་གསུང་གསལ་མཛད་ལྷ་ཡི་སྒྲོན་མེ་ཆེ། །
                                         བཤེས་གཉེན་དམ་པའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ལྔ་བཅུ་ང་དགུ་པ། ཟུང་ཆུ་བློ་བཟང་མཆོག་གྲུབ་ཡིན་ལ། འདི་ཉིད་ཀྱི་སྐབས་སུ་སྒོ་མང་མགོན་ཁང་ནང་། རྩ་བརྒྱུད་མའི་བརྡུང་སོགས་སློབ་པར་མཛད་དེ་དཔལ་ལྡན་རྒྱུད་སྨད་པའི་ཕྱག་ལེན་འགའ་ཞིག་བཙུགས་པར་མཛད་འདུག་ཀྱང་། དེ་རྗེས་དབུ་མཛད་འཁོར་རེས་ལ་བརྟེན་སོ་སོའི་འདོད་མོས་ལྟར་ལས་ཇི་བཞིན་ཚུགས་ཐུབ་པ་བྱུང་མི་འདུག་པ་བཅས་སོ། །

                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།