འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་བརྒྱད་པ་དཔོན་སློབ་དགེ་འདུན་སྦྱིན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-07 21:03:54     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

21593640619325248.jpg

                            བརྒྱུད་འདེབས་ལས།
                                     དགེ་ལྡན་རིང་ལུགས་ཞོ་འཐུང་རུས་པའི་མཚོན། །
                                     འཛིན་མཁས་འདུ༷ན་ལྡན་ཉེ་དབང་ཚོགས་ཀྱི་མགོན། །
                                     སྡེ་བཞིའི་ལེགས་ཚོགས་འགྲོ་ལ་སྦྱི༷ན་མཁས་པ༷། །
                                     ཟླ་མེད་བླ་མ་མཆོག་ལ་གསོལ་བ་འདེབས། །ཞེས་བྱུང་།
       ༧གདན་རབས་ལྔ་བཅུ་ང་བརྒྱད་པ། དཔོན་སློབ་དགེ་འདུན་སྦྱིན་པ་འདི་ཉིད་ཡིན་ལ། རྗེ་འདི་ཉིད་ཀྱི་གསུང་རྩོམ། རྗེ་བླ་མ་རིགས་གསུམ་མགོན་པོ་དང་དབྱེར་མེད་དུ་སྒྲུབ་ཚུལ་བྱིན་རླབས་མྱུར་འཇུག་མ་ཞེས་བྱ་བ་དམིགས་བརྩེ་མའི་བེའུ་བུམ་དུ་བཞུགས། མཁན་པོ་འདི་ཉིད་དང་དེ་ཉིད་ཀྱི་ཡང་སྤྲུལ་གཉིས་ཀ་འོག་ནས་འབྱུང་བའི་མཁན་ཆེན་བསྟན་པ་ཆོས་འཕེལ་གྱི་སློབ་མར་གསལ་ལོ། །

                                                                                རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།