འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་ལྔ་བ་དཔོན་སློབ་རྣམ་རྒྱལ་ཡེ་ཤེས་དང་ང་དྲུག་པ་དཔོན་སློབ་བློ་བཟང་སྦྱིན་པ་

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-07 20:50:05     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

77996044631369659.jpg

 

        གདན་རབས་ལྔ་བཅུ་ང་ལྔ་པ། དཔོན་སློབ་རྣམ་རྒྱལ་ཡེ་ཤེས་དང་། ཡང་།
                               བརྒྱུད་འདེབས་ལས།
                                      བློ་བཟང་རྒྱལ་བའི་རིང་ལུགས་ཆུ་གཏེར་ལས། །
                                      ལེགས་པར་འོངས་པའི་ཟབ་རྒྱས་རིན་ཆེན་ནོར། །
                                      ཐར་འདོད་གདུལ་བྱའི་ཚོགས་ལ་སྦྱིན་མཛད་པའི། །
                                      བཤེས་གཉེན་དེད་དཔོན་ཆེན་པོར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ལྔ་བཅུ་ང་དྲུག་པ། དཔོན་སློབ་བློ་བཟང་སྦྱིན་པ་བཅས་གདན་རབས་ང་ལྔ་དང་ང་དྲུག་རྣམ་པ་གཉིས་ཀ་མཁས་གྲུབ་ཀླུ་དབང་འབུམ་གྱི་རོལ་མཚོ་གྲྭ་ཚང་འདི་ཉིད་ཀྱི་ཆོས་སྒོར་ཞུགས་ནས། མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྫོགས་པར་མཛད་དེ་རིམ་བཞིན་ཆོས་ཁྲིར་མངའ་གསོལ་བ་ཞིག་ཡིན་ངེས་ཀྱང་རྣམ་ཐར་མ་མཇལ་བས་རེ་ཞིག་དེ་ཙམ་བྱས་ན་མཛེས་པར་སེམས་སོ། །

                                                                       རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།