འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་གསུམ་པ་དཔོན་སློབ་བསྟན་པ་ཆོས་བཟང་།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-03 21:19:37     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

125582222271342108.jpg

 

                           བརྒྱུད་འདེབས་ལས།
                                    འགྲོ་བའི་འདྲེན་མཆོག་ཤཱཀྱ་སེང་གེ་ཡི། །
                                    ལུང་རྟོགས་བསྟན་པ་བཤད་སྒྲུབ་དམ་ཆོས་ཀྱིས། །
                                    སྤེལ་བའི་འཕྲིན་ལས་བཟང་པོའི་མཛད་པ་ཅན། །
                                    དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ལྔ་བཅུ་ང་གསུམ་པ། དཔོན་སློབ་བསྟན་པ་ཆོས་བཟང་། མཁན་ཆེན་འདི་ཉིད་ཀྱི་དབུ་ཞྭ་དང་། སྐུ་ཟླམ་བཅས་ཉན་པོ་མི་ཚན་གྱི་ནང་རྟེན་དུ་བཞུགས་ཞེས་ཉན་པོ་མི་ཚན་གྱི་རྟེན་ཐོར་གསལ། རབ་བྱུང་༡༤ མེ་ལུག་ཕྱི་ལོ་༡༨༤༧ ལོར་གུང་རུ་མཁན་ཆེན་བསྟན་པ་ཆོས་འཕེལ་དགུང་ལོ་བདུན་ཐོག་འབྲས་སྤུངས་ཚོགས་ཞུགས་གནང་སྐབས་མཁན་ཆེན་འདི་ཉིད་ལས་རབ་བྱུང་བསྒྲུབས། མཚན་བསྟན་པ་ཆོས་འཕེལ་བསྩལ་ཅེས་གསལ། །
                                                                   རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།