འབྲས་སྒོ་མང་གདན་རབས་ལྔ་བཅུ་ང་གཉིས་པ་དཔོན་སློབ་བློ་གྲོས་བསྟན་པ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-03 21:16:36     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

77996044631369659.jpg

 

                            བརྒྱུད་འདེབས་ལས།
                                        འཇམ་མགོན་རིང་ལུགས་བློ་གྲོས་པད་མོའི་ཚལ། །
                                        ཡངས་པོར་བཞད་མཁས་བསྟན་པའི་ཉིན་བྱེད་དབང་། །
                                        འགྲོ་ཀུན་རྨོངས་མུན་སེལ་ལ་ཟླ་མེད་པ། །
                                        མཚུངས་མེད་དཔལ་ལྡན་བླ་མར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ལྔ་བཅུ་ང་གཉིས་པ། དཔོན་སློབ་བློ་གྲོས་བསྟན་པ། འདི་ཉིད་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས། མཚན་ལྡན་དགེ་བའི་བཤེས་ཀྱིས་མཉེས་བཞིན་རྗེས་སུ་བཟུང་སྟེ་མཁས་བྱའི་གནས་ལ་མི་འཇིགས་པའི་སྤོབས་པ་ཐོབ་ནས་གྲྭ་ཚང་འདི་ཉིད་ཀྱི་ཆོས་ཁྲིར་ཕེབས་པ་ཞིག་ཡིན་ངེས་ཀྱང་འོལ་ཚོད་ཀྱིས་བརྗོད་པར་མི་ནུས་པས་དེ་ཙམ་བྱས་སོ། །

                                                                         རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
                རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
                དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།