འབྲས་སྒོ་མང་གདན་རབས་ལྔ་བཅུ་བ་པྲ་སྟི་བློ་བཟང་འཇམ་དཔལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-03 21:06:31     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

77996044631369659.jpg

 

                          བརྒྱུད་འདེབས་ལས།
                                      བློ་གྲོས་བཟང་པོས་ཐུབ་བསྟན་ཡང་སྙིང་དཔལ། །
                                      འཇམ་དཔལ་དབྱངས་དངོས་ཀུན་མཁྱེན་ཙོང་ཁ་པའི། །
                                      རིང་ལུགས་རྣམ་དག་གཙང་མའི་བསིལ་ཟེར་ཕྲེང་། །
                                      འགྱེད་མཁས་དཔལ་ལྡན་བླ་མར་གསོལ་བར་འདེབས། །ཞེས་བྱུང་།
        གདན་རབས་ལྔ་བཅུ་པ། པྲ་སྟི་བློ་བཟང་འཇམ་དཔལ་ནི། དཔལ་ལྡན་སྒོ་མང་གྲྭ་ཚང་དུ་བཞུགས་ནས་གཞུང་ཆེན་རྣམས་ལ་གསན་བསམ་མཐར་ཕྱིན་མཛད། མཁས་གྲགས་ཆེ་བས་རྒྱལ་མཆོག་ཚུལ་ཁྲིམས་རྒྱ་མཚོའི་མཚན་ཞབས་མཛད། རབ་བྱུང་༡༤ ལྕགས་ཡོས་ཕྱི་ལོ་༡༨༣༡ ལོར་སྐུ་བཅར་གཟིམ་དཔོན་མཁན་པོར་བསྐོ་བཞག་དང་དེའི་རྗེས་ཤིང་ལུག་ཕྱི་ལོ་༡༨༣༥ ལོར་དཔལ་ལྡན་སྒོ་མང་གྲྭ་ཚང་གི་མཁན་ཁྲིར་བསྐོ་བཞག་བསྩལ་བ་བཅས་༼རྣམ་ཐར་༽གསལ་ལོ། །

                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
               རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
               དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།