འབྲས་སྒོ་མང་གདན་རབས་ཞེ་དགུ་བ་ཟུང་ཆུ་བློ་བཟང་དགེ་ལེགས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-12-03 21:02:50     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

21593640619325248.jpg

 

                            བརྒྱུད་འདེབས་ལས།
                                        ཀུན་མཁྱེན་བློ་བཟང་འཇམ་དཔལ་སྙིང་པོ་ཡི། །
                                        རྣམ་དག་རིང་ལུགས་བཤད་སྒྲུབ་པད་མོའི་ཚལ། །
                                        ཡོངས་སུ་རྒྱས་མཛད་དགེ་ལེགས་འོད་སྟོང་ཅན། །
                                        མཚུངས་མེད་རྗེ་བཙུན་བླ་མར་གསོལ་བ་འདེབས། །ཞེས་བྱུང་།
གདན་རབས་ཞེ་དགུ་པ། ཟུང་ཆུ་བློ་བཟང་དགེ་ལེགས་ནི། མདོ་སྨད་ཕྱོགས་སུ་འཁྲུངས། དབུས་སུ་ཕེབས་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་དུ་ཐུགས་གཉེར་རྫོགས་པར་མཛད། བཀྲ་ཤིས་སྒོ་མང་གི་ཁྲིར་ཕེབས། རབ་བྱུང་༡༤ ས་མོ་གླང་ཕྱི་ལོ་༡༨༢༩ ལོར་༸རྒྱལ་མཆོག་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་འབྲས་སྤུངས་ལ་ཚོགས་ཞུགས་གནང་སྐབས་འདི་ཉིད་མཁན་པོ་ལས་ཐོག་ཡིན་པ་དེ་ཉིད་ཀྱི་རྣམ་ཐར་དུ་གསལ། དེའི་རྗེས་ཤིང་རྟ་ཕྱི་ལོ་༡༨༣༤ ལོར་རིགས་གྲྭ་བཏང་། ཤིང་ལུག་ལོར་ཁྲི་བཤོལ་ནས་ཟུར་བཞུགས་མཛད། དེའི་སྤྲུལ་སྐུ་དངུལ་རའི་བློ་མུག་ལ་འཁྲུངས་པ་འཇིགས་མེད་དགེ་ལེགས་རྒྱ་མཚོ་སོགས་སྐྱེ་བརྒྱུད་ཀྱང་མ་ཆད་པར་ཡོད་དོ། །
                                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།