འབྲས་སྒོ་མང་གདན་རབས་བཞི་བཅུ་བ་དབུས་པ་བསྟན་པ་ཡར་འཕེལ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:54:09     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

175478043468864316.jpg

                              བརྒྱུད་འདེབས་ལས།
                                         རྒྱལ་བའི་བསྟན༷་པ༷་བླར་ནས་བླར་སྤེལ་བ། །
                                         གོང་ནས་གོང་དུ་ཡ༷ར་ཟླ་ལྟར་འཕེལ་བའི། །
                                         བློ་གྲོས་ཆོས་ཚུལ་འཇུག་པ་མི་དམན་པ། །
                                         དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས། །ཞེས་བྱུང་།
         གདན་རབས་བཞི་བཅུ་པ། དབུས་པ་བསྟན་པ་ཡར་འཕེལ། འདི་ཉིད་གཞོན་ནུའི་དུས་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་སྒོར་ཞུགས། མདོ་སྔགས་རིག་གནས་དང་བཅས་པར་མཁས་པར་སྦྱངས། རིམ་བཞིན་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཆོས་ཀྱི་ཁྲིར་ཕེབས་ནས་འཆད་ཉན་རྒྱ་ཆེར་མཛད། རྗེ་ལྕང་སྐྱ་རོལ་པའི་རྡོ་རྗེའི་དྲུང་ནས་ཟབ་ཆོས་མཐའ་ཀླས་པ་གསན་ཚུལ་༼ལྕང་རྣམ་༽གསལ་ལོ། །

                                                                            རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
            རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།