འབྲས་སྒོ་མང་གདན་རབས་སོ་དགུ་བ་ཀླུ་འབུམ་པ་ཡོངས་འཛིན་དགེ་འདུན་བདེ་ཆེན།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:49:58     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

829254703685975306.jpg

 

                          བརྒྱུད་འདེབས་ལས།
                                    དགེ་ཚོགས་འདུ༷ན་ལྡན་རྣམ་དཔྱོད་ཁང་བཟང་རྩེར། །
                                    བདེ་ཆེན་ཆོས་ཀྱི་རྒྱལ་མཚན་བསྒྲེངས་པའི་དཔལ། །
                                    ཐུབ་བསྟན་འཛིན་པའི་གཙུག་རྒྱན་མཁས་པའི་མཆོག །
                                    ཡོངས་འཛིན་བཤེས་གཉེན་ཆེན་པོར་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་སོ་དགུ་པ། ཀླུ་འབུམ་པ་ཡོངས་འཛིན་དགེ་འདུན་བདེ་ཆེན་ཡིན་ལ། ཁོང་ནི་རྟོགས་པའི་ཀློང་བརྡོལ་བའི་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་ཞིག་ཡིན་ཚོད། རྟ་ཚག་བསྟན་པའི་མགོན་པོ་རབ་བྱུང་༡༣ མེ་ཁྱི་ནས་ལོ་གཉིས་སོང་མཚམས་སྒོ་མང་དུ་ཆོས་ཞུགས་སྐབས་འདི་ཉིད་མཁན་པོ་ལས་ཐོག་པ་དང་། ཕྱིས་སྲིད་སྐྱོང་དེ་མོ་རིན་པོ་ཆེའི་དབུ་བླར་སོང་བས་དབང་ཤུགས་ཀྱང་ཆེ་བ་ཡོད་འདུག་༼རཀ་ར།༽ཡོ་ག་ཙ་རི་བླ་མ་ངག་དབང་དོན་གྲུབ་ཅེས་སྙན་གྲགས་ཅན་དེས་མཁན་ཆེན་འདི་ཉིད་ལས་འཇིགས་བྱེད་བཅུ་གསུམ་མ་དང་། དཔའ་གཅིག་སོགས་ཀྱི་དབང་གསན། རྐ་ཕུག་བློ་བཟང་དོན་གྲུབ་དབུས་ཕེབས་སྐབས་འདི་པ་ལ་བསྟན་རྒྱས་གླིང་དུ་བསྙེན་རྫོགས་ཞུས་ཤིང་། དེ་དུས་ཁྲི་ཟུར་བཞུགས་སྐབས་ཡིན་སྣང་།གསུམ་རྩོམ་ཡང་སེང་གདོང་མའི་བསྐང་གསོའི་མངོན་རྟོགས་སོགས་བྱིན་རླབས་ཅན་ཡོད་པ་གུང་རྣམ་དུ་གསལ་ལོ། །

                                                                        རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།