འབྲས་སྒོ་མང་གདན་རབས་སོ་ལྔ་བ་ལ་མོ་ངག་དབང་ནམ་མཁའ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-27 19:28:58     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

16675322714572450.jpg

 

        གདན་རབས་སོ་ལྔ་པ། ལ་མོ་ངག་དབང་ནམ་མཁའ་ནི། དཔལ་ལྡན་སྒོ་མང་གྲྭ་ཚང་དུ་གཞུང་ཆེན་རྣམས་ལ་སྦྱངས་པས་མཁས་གྲགས་དཔག་མེད་ཐོན། རབ་བྱུང་༡༢ མེ་བྱ་ཕྱི་ལོ་༡༧༡༧ ལོར་སོག་པོ་ཅུན་གར་བའི་དམག་དབུས་སུ་སླེབས་ཏེ་བོད་ཀྱི་སྲིད་དབང་འཕྲོགས། ས་ཁྱི་ཕྱི་ལོ་༡༧༡༨ ལོར་ཅུན་གར་བ་རྣམས་ནས་སྨོན་ལམ་གྱི་རྗེས་སུ་ལྷ་སར་དགེ་བཤེས་སུ་བཟང་བརྟག་དགོས་ཀྱིས་དགེ་བཤེས་བརྒྱ་ལྷག་ཙམ་རྩོད་པ་ཚུགས། དགེ་བཤེས་བརྒྱད་ལ་ཨང་དང་པོ་བྱུང་བའི་ནང་ནས་ལ་མོ་ནམ་མཁའ་འདི་བཞིན་གོང་ཕུད་བྱུང་། དེ་ནས་དཔལ་ལྡན་སྒོ་མང་གྲྭ་ཚང་གི་ཁྲིར་ཕེབས། ཆུ་ཡོས་ཕྱི་ལོ་༡༧༢༣ ལོར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་སྒོ་མང་ཆོས་གྲྭར་ཞུགས་སྐབས་མཁན་ཆེན་འདི་ཉིད་ལས་བརྩི་བཞག་༼དེབ་རྒྱམ་༽གསན། ས་བྱ་ཕྱི་ལོ་༡༧༢༩ ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་ལི་ཐང་ལ་བཞུགས་སྐབས་དཔོན་སློབ་ལ་མོ་ནམ་མཁའ་འདི་ཉིད་ལི་ཐང་ལ་ཕེབས་ནས་མཇལ་འཕྲད་གནང་ཚུལ་༼བསྐལ་རྣམ་༽གསལ། །                                                                         རྩོམ་སྒྲིག་པ། མང་ར་བ།
       གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།