འབྲས་སྒོ་མང་གདན་རབས་ཉེར་གཉིས་པ་བདག་ཉིད་ཆེན་པོ་གཉན་གྲོང་བ་དགེ་ལེགས་ཆོས་འབྱོར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 22:15:20     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

862307448297528702.jpg

        གདན་རབས་ཉེར་གཉིས་པ། བདག་ཉིད་ཆེན་པོ་གཉན་གྲོང་པ་མཚན་དངོས་དགེ་ལེགས་ཆོས་འབྱོར་ཁྲིར་ཕེབས་ནས་འཆད་ཉན་མཛད་པ་ཡིན་ཏེ་བརྒྱུད་འདེབས་ལས། དགེ་ལེགས་ཆོས་འབྱོར་བདག་ཉིད་སྙན་གྲོང་པ། །ལེགས་པའི་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །ཞེས་བྱུང་བས་སོ། །བཻ་སེར་ལས། ཆུ་བཟང་ཆོས་གྲགས་རྣམ་རྒྱལ་དང་། །དེ་ནས་སླར་ཡང་གཞུ་ཁང་པ། །གུང་རུ་སངས་རྒྱས་བཀྲ་ཤིས་ཞེས་འཁོད་པ་ལས། དེའི་བར་ན་སྙན་གྲོང་པའི་མཚན་ཙམ་ཡང་མི་གསལ་བ་ནི་ཆད་པར་མངོན་ཏེ། རྒྱུད་འདེབས་ལས། ལེགས་པའི་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །ཞེས་བྱུང་བས་སོ། །བདག་ཉིད་ཆེན་པོ་སྙན་གྲོང་པའི་མཚན་དངོས། དགེ་ལེགས་ཆོས་འབྱོར་དུ་འབོད་པར་གསལ་ལ། འོན་ཀྱང་གཉན་གྲོང་པ་ཟེར་སྲོལ་ནི། བྱང་གཉན་ཆེན་ཐང་ལྷའི་རི་ཞོལ་གཉན་གྲོང་དུ་འཁྲུངས་པའི་བབས་ཀྱིས་ཡིན་འདུག་ཀྱང་། སྙན་གྲོང་ཞེས་ས་མགོ་བྱས་པ་ནི་ནོར་བར་མངོན་ནོ། །

                                                                           རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།