འབྲས་སྒོ་མང་གདན་རབས་ཉི་ཤུ་བ་གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 22:08:27     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

177795672865972008.jpg

                          བརྒྱུད་འདེབས་ལས།
                                    མདོ་རྒྱུད་བང་མཛོད་དགེ་ལེགས་ལྷུན༷་གྲུ༷བ་ཞབས། །
                                    རྣམ་དཔྱོད་མཐར་ཕྱིན་ཆོས་གྲག༷ས་རྣམ༷་པར་རྒྱ༷ལ། །
                                    དགེ་ལེགས་ཆོས་འབྱོར་བདག་ཉིད་སྙན་གྲོང་པ། །
                                    ལེགས་པའི་ལམ་སྟོན་གསུམ་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ཉི་ཤུ་པ། གཞུ་ཁང་པ་དགེ་ལེགས་ལྷུན་གྲུབ་ཅེས་མདོ་དང་རྒྱུད་སྡེ་རྒྱ་མཚོའི་མངའ་བདག་གམ་བང་མཛོད་ལྟ་བུ། མཁས་པའི་དབང་པོ་བསམ་གྱིས་མི་ཁྱབ་པ་ཞིག་བྱུང་ཡོད་འདུག་ཀྱང་། ཁྲིར་ནམ་ཕེབས་དང་འཁྲུངས་གཤེགས་སོགས་ཀྱི་ཡི་གེ་མ་མཐོང་། རོབ་རྩིས་བྱས་ན་རྒྱལ་མཆོག་ཡོན་ཏན་རྒྱ་མཚོའི་སྐུ་དུས་སུ་ཁྲིར་ཕེབས་པར་མངོན་ལ། འདིས་མཛད་པའི་རྒྱལ་བ་བསོད་ནམས་རྒྱ་མཚོའི་རྣམ་ཐར་ཅིག་དང་། རྒྱལ་བ་ཡོན་ཏན་རྒྱ་མཚོའི་རྣམ་ཐར་དད་པའི་སྒོ་འབྱེད་ཅེས་བྱ་བ་སོགས་ཡོད་འདུག མདོ་སྨད་ཆུ་བཟང་དགོན་དགའ་ལྡན་མི་འགྱུར་གླིང་ཕྱག་འདེབས་པ་པོ་ཆུ་བཟང་སྐུ་ཕྲེང་དང་པོ། སྟོད་ལུང་ཆུ་བཟང་པ་རྣམ་རྒྱལ་དཔལ་འབྱོར་སྒོ་མང་ལ་ཐུགས་གཉེར་མཛད་སྐབས་གཞུ་ཁང་པ་ལས་དབུ་ཕར་འདུལ་མཛོད་སོགས་གསན་ནས་གླེང་བསྲེའི་མཚན་རྟགས་མཛད་ཚུལ་མདོ་སྨད་ཆོས་འབྱུང་དུ་གསལ་ལོ། །

                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།