འབྲས་སྒོ་མང་གདན་རབས་བཅུ་གསུམ་པ་གུང་རུ་དཀའ་བཅུ་པ་རིན་ཆེན་བྱང་ཆུབ།

    སྤེལ་དུས།  2016-11-22 21:48:18         ཀློག་ཐེངས།  

829254703685975306.jpg

        གདན་རབས་བཅུ་གསུམ་པ། གུང་རུ་དཀའ་བཅུ་པ་རིན་ཆེན་བྱང་ཆུབ་ལོ་ཤས་འཆད་ཉན་མཛད་པའི་སྟེང་ནས་མདོ་སྟོད་དཔལ་འབར་ཆོས་སྡེར་ཕེབས། རྗེ་དགེ་འདུན་རྒྱ་མཚོ་ལས་མཁས་གྲུབ་ནོར་བཟང་རྒྱ་མཚོའི་དུས་འཁོར་སྤྱི་དོན་གྱི་བཤད་པ་གསན། གསུང་རྩོམ་ཕར་ཕྱིན་སྤྱི་དོན་ཆེན་མོ་ཞེས་སྐད་གྲགས་ཅན་དང་རྣམ་འགྲེལ་སོགས་ཡོད་པར་གསལ།
        དཔལ་འབར་དགོན་ནི་སྔོན་འགྲོ་མགོན་ཆོས་རྒྱལ་འཕགས་པ་དགུང་གྲངས་བཅུ་དགུའི་དུས་རྒྱ་ནག་ཏུ་ཧོར་སེ་ཆེན་རྒྱལ་པོའི་དབུ་བླ་མཛད་ནས་ཕྱིར་ཕེབས་ཞོར་ལྷ་རྩེ་ཞེས་པའི་ས་ཁུལ་དུ་བཞུགས་པ་ཕྱོགས་དེར་དགོན་པ་ཞིག་འདེབས་བཞེད་ཀྱིས་གཏོར་མ་ལ་དཔལ་སྡོང་འབར་བ་བཙུགས་ཏེ་ཕུལ་བར་བྱ་རོག་ཅིག་གིས་ཉིན་གཅིག་སར་ཁྱེར་ནས་དེར་བཞག་པའི་གནས་དེར་དགོན་པ་བཏབ་པ་ལ་དཔལ་འབར་དགོན་ཞེས་བཏགས། བླ་རབས་དཀོན་མཆོག་སེང་གེ་ནས་བརྩིས་པའི་ལྔ་པ་དགེ་འདུན་འོད་ཟེར་གྲགས་སམ་མཚན་གཞན་བྱམས་པ་བདེ་ལེགས་དུས་གུང་རུ་རིན་ཆེན་བྱང་ཆུབ་པས་དགེ་ལུགས་སུ་བསྒྱུར།
དུས་ཕྱིས་དཔལ་འབར་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་དམ་ཆོས་རྒྱལ་མཚན་པས་འབྲས་སྤུངས་ནས་བྱ་བྲལ་ལྔ་རིག་སྨྲ་བ་ལྷ་རམས་དགེ་བཤེས་མཐུ་སྟོབས་ཏུ་གྲགས་པ་གདན་ཞུས་ཀྱིས་སྒོ་མང་ཡིག་ཆ་བཙུགས་ཏེ་སློབ་གཉེར་འཕེལ་བཞིན་པའི་མུར་ཕྱི་ལོ་༡༩༥༩ དུས་འགྱུར་སྐབས་རྩ་གཏོར་བཏང་ངོ་། །
                                                                             རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

བརྒྱུད་འགོད།