འབྲས་སྒོ་མང་གདན་རབས་བརྒྱད་པ་དཔལ་ལྡན་བློ་གྲོས་དང་། གདན་རབས་དགུ་བ་ཤེས་རབ་བློ་གྲོས།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 15:13:50     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

826947501703700540.jpg

 

        གདན་རབས་བརྒྱད་པ། དཔལ་ལྡན་བློ་གྲོས་དང་། གདན་རབས་དགུ་པ། ཤེས་རབ་བློ་གྲོས་གཉིས་འཆད་ཉན་སློབ་དཔོན་དུ་མཉམ་བསྐོས་བྱས་པས་ཕན་ཚུན་འགྲན་བཤད་ཀྱི་རྣམ་པས་འཆད་ཉན་གོང་འཕེལ་བྱུང་བའི་གཏན་ཚིགས་སུ་བུ་སློབ་ཏུ་སློབ་དཔོན་དཔལ་ལྡན་འོད་ཟེར་དང་སློབ་དཔོན་དཀོན་མཆོག་བཟང་པོ་གཉིས། དཀའ་བཅུ་འཛིན་པ་རིན་ཆེན་བྱང་ཆུབ་དང་ཉེ་བར་འཁོར་གཉིས། དཀའ་བཅུ་པ་བརྩོན་འགྲུས་རྒྱལ་མཚན་དང་། བསོད་ནམས་ལྷུན་གྲུབ་གཉིས། སློབ་དཔོན་ངག་དབང་འབྱུང་གནས་སོགས་མཁས་ཤིང་གྲུབ་པའི་དགེ་བཤེས་མང་དུ་ཐོན།
        ལྷག་པར་མཁན་ཆེན་དཔལ་ལྡན་བློ་གྲོས་ནི། གཙོ་བོར་འཇམ་དབྱངས་ཆོས་རྗེ་དང་མཁས་པ་མུས་སྲད་པ་བློ་གྲོས་རིན་ཆེན་སེང་གེ་གཉིས་བསྟེན་ནས་མཁས་པ་ཆེན་པོར་གྱུར་ཏེ། ཆོས་ཀྱི་ཁྲི་ཆེན་པོར་དབང་བའི་སློབ་མ་དགའ་ཁྲི་བཅུ་པ་ཡེ་ཤེས་བཟང་པོ་དང་། དགའ་ཁྲི་བཅུ་གཅིག་པ་འདར་སྟོན་བློ་བཟང་གྲགས་པ། འབྲས་སྤུངས་ཆོས་རྗེ་བརྒྱད་པ་ལེགས་པ་ཆོས་འབྱོར་དང་། དགུ་པ་ཐོན་པ་ཆོས་རྗེ། རྒྱུད་སྟོད་ཕྱག་འདེབས་པ་པོ་རྒྱུད་ཆེན་ཀུན་དགའ་དོན་གྲུབ་སོགས་མཁན་ཆེན་འདི་ཉིད་ལས་དབུ་ཕར་འདུལ་མངོན་ཚད་མ་སོགས་གསན་པ་མང་ངོ་།༼པཎ་བཀའ།༽།
                                                                  རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།