འབྲས་སྒོ་མང་གདན་རབས་ཉེར་དྲུག་པ་རྒ་རུ་བ་ངག་དབང་དཔལ་འབྱོར།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 09:47:41     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

271607605902961150.jpg

 

                            བརྒྱུད་འདེབས་ལས།
                                      རྗེ་བཙུན་ང༷ག་ལ་དབ༷ང་པོའི་མཚན་ཅན་དང་། །
                                      འཕྲིན་ལ༷ས་ལྷུན༷་གྱིས་གྲུ༷བ་པའི་རིན་པོ་ཆེ། །
                                      ལེགས་སྤེལ་མཆོག་དང་བློ་གྲོས་རྒྱ༷་མཚོའི་སྡེ། །
                                      དཔལ་ལྡན་བླ་མ་རྣམས་ལ་གསོལ་བ་འདེབས། །ཞེས་བྱུང་།
        གདན་རབས་ཉེར་དྲུག་པ། རྒ་རུ་པ་ངག་དབང་དཔལ་འབྱོར་ནི། རྒྱལ་མཆོག་ལྔ་པ་ཆེན་པོའི་བཀའ་ལྟར་རབ་བྱུང་༡༡ ལྕགས་འབྲུག་ཕྱི་ལོ་༡༦༤༠ ལོར་སྒོ་མང་གྲྭ་ཚང་གི་འཆད་ཉན་གྱི་ཁྲིར་ཕེབས། འཆད་པར་འགྱུར་བའི་གདན་རབས་ཉེར་བདུན་པ་རྡོ་རྗེ་འཆང་སྨིན་གྲོལ་ཆོས་ཀྱི་རྒྱལ་པོ་ཐོག་མར་སྒོ་མང་ལ་ཆོས་ཞུགས་གནང་སྐབས་མཁན་ཆེན་རྒ་རུ་པ་ལས་བརྩི་བཞག་གསན་༼དེབ་རྒྱམ།༽ རབ་བྱུང་༡༡ ཆུ་འབྲུག་ཕྱི་ལོ་༡༦༥༢ ལོར་རིགས་གྲྭ་ལན་གཉིས་པ་བཏང་ནས་ཟུར་བཞུགས་མཛད། ཕྱི་ལོ་༡༦༥༧ ལོར་༸གོང་ས་ལྔ་པ་ཆེན་པོ་ལས་བྱང་ཆུབ་ལམ་རིམ་ཆེན་མོ་ཟླ་ཆོས་ལྷག་གསན་པ་དང་། གཤེགས་ལོ་གསལ་བར་མ་མཐོང་ཡང་གང་ཉིད་ཟུར་བཞུགས་མཛད་ནས་ལོ་བཅུ་བདུན་སོང་མཚམས་ཕྱི་ལོ་༡༦༦༩ ལོར་བཞུགས་པ་བཅས། དུ་ཀཱུ་ལར་གསལ།
        དེབ་ཐེར་རྒྱ་མཚོ་ལེ་ཚན་གསུམ་པའི་ཤོག་གྲངས་༢༠༣ རྒྱ་མཁར་པ་སྐུ་ཐོག་དང་པོ་སྒོ་མང་རྒ་རུ་པ་ངག་དབང་དཔལ་འབྱོར་ཡིན་ཞིང་། ཁོང་ཀ་རུ་བཞི་མདོ་ནས་ཡིན་ཟེར་བའི་ངག་རྒྱུན་སྣང་ཡང་ཁུངས་མ་མཐོང་། རྒྱ་མཁར་བླ་མ་རྒན་པ་ཡིན་ཟེར་བ་ལྟར་ན། ཞེས་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་དང་། རྒ་རུ་པའི་ཌ་དྲིལ་སོགས་བླ་བྲང་དེ་གའི་ནང་རྟེན་དུ་བཞུགས་པ་བཅས་གསལ་ལོ། །
                                                                            རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
             རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
             དྲ་བའི་སྦྲེལ་ཐགhttp://www.tb1025.cn
    a

 

བརྒྱུད་འགོད།