འབྲས་སྒོ་མང་གདན་རབས་བཅོ་བརྒྱད་པ་ཆུ་བཟང་བྱམས་པ་ལྷུན་གྲུབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-22 09:17:41     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

        གདན་རབས་བཅོ་བརྒྱད་པ། ཆུ་བཟང་བྱམས་པ་ལྷུན་གྲུབ་ཁྲིར་ཕེབས། འདི་ནི་རྗེ་བཙུན་བྱམས་མགོན་གྱི་རྣམ་འཕྲུལ་དུ་གྲགས། ཤེར་ཕྱིན་འཆད་པ་ལ་འགྲན་ཟླ་མ་མཆིས་པ་ཞིག་ཡིན་ཚོད། དགོན་ལུང་བྱམས་པ་གླིང་གི་གདན་རབས་གཉིས་པ་སུམ་པ་དམ་ཆོས་རྒྱ་མཚོ་སོགས་གསུང་སྐྱེས་སློབ་མ་ཡིག་ཆ་རྩོམ་ཐུབ་པ་བདུན་བྱུང་ཞེས་བློ་གླིང་སློབ་དཔོན་འབྲུག་ལྟག་པའི་ཞལ་སྔ་ནས་གསུངས་པར་གྲགས། མཁན་ཆེན་བྱམས་པ་ལྷུན་གྲུབ་ནས་སྲོད་ཆོས་ལ་བརྩི་བཞག་གནང་སྐབས་མཁན་ཆེན་བརྩོན་འགྲུས་རྒྱ་མཚོས་བྱམས་མགོན་གསེར་གྱི་མདོག་ཅན་མངོན་སུམ་དུ་གཟིགས་དུས་གསོལ་འདེབས་བྱམས་ཆེན་མར་གྲགས་པ་འཕྲལ་རྩོམ་མཛད་ནས་རྗེས་སུ་ཆོས་གྲྭའི་སྐུ་རིམ་ཞལ་འདོན་དུ་བཙུགས་པར་མཛད་སྐོར་སྒོ་མང་ཆོས་འབྱུང་གསེར་གྱི་ལྷུན་པོ་ལས་གསུངས་སོ། །ཞེས་མཁན་ཆེན་བསྟན་པ་ཆོས་འཕེལ་གྱིས་བླ་བརྒྱུད་གསོལ་འདེབས་སྐྱབས་གནས་ཀུན་འདུས་དང་། བྱམས་ཆེན་མའི་པར་བྱང་སྨོན་ཚིག་མཇུག་གསུངས་སོ། །

                                                                            རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས།
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn
  

 

བརྒྱུད་འགོད།