འབྲས་སྒོ་མང་གདན་རབས་ལྔ་བ་ཆེན་པོ་དཔལ་ལྡན་ཤེས་རབ།

ཡོང་ཁུངས།   ངེད་དགེ་ལུགས་པའི་དྲ་བ།     སྤེལ་དུས།  2016-11-20 20:45:20     རྩོམ་པ་པོ།   སྒོ་མང་མཁན་པོ་བསྟན་པ་བསྟན་འཛིན    ཀློག་ཐེངས།  

 

271607605902961150.jpg

 

        དེ་ནས་གདན་རབས་ལྔ་པ། ཆེན་པོ་དཔལ་ལྡན་ཤེས་རབ་འདི་ཉིད་གཙོ་བོར་འབྲས་སྤུངས་སུ་འཇམ་དབྱངས་ཆོས་རྗེ་དང་། གཞན་ཡང་མཁས་གྲུབ་དུ་མའི་ཞབས་བསྟེན་ནས་མཁས་པའི་གྲགས་པ་འབར། གུང་རུ་ཚུལ་བཟང་བའི་རྗེས་སུ་གྲྭ་ཚང་འདི་ཉིད་ཀྱི་ཁྲིར་ཕེབས་ནས་འཆད་ཉན་ཡུན་རིང་མཛད། བུ་སློབ་ཆོས་རྗེ་རྡོ་རྗེ་སེང་གེ་དང་། དཀའ་བཅུ་འཛིན་པ་ཀུན་དགའ་རྒྱལ་མཚན་དང་བསོད་ནམས་བློ་གྲོས་གཉིས། མདོ་སྟོད་པ་དཔལ་བློ་དང་ཤེར་བློ་གཉིས་སོགས་དགེ་བཤེས་གྲགས་ཆེ་མང་དུ་ཐོན་ཅིང་། གྲྭ་རྒྱུན་ཡང་འཕེལ་བ་སོགས་གྲྭ་ཚང་འདི་ཉིད་ལ་བཀའ་དྲིན་མཆོག་ཏུ་ཆེ་བ་ཞིག་གོ༼པཎ་བཀའ།༽།

                                                               རྩོམ་སྒྲིག་པ། མང་ར་བ།
        གསལ་འདེབས། 
              རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
              དྲ་བའི་སྦྲེལ་ཐགhttp://www.tb1025.cn

 

བརྒྱུད་འགོད།