ཁང་དམར་ཁྱོམ་ཚ་སྐུ་འཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   དགེ་ལུགས་དྲ་བ     སྤེལ་དུས།  2023-03-07 21:41:34     རྩོམ་པ་པོ།   འཇམ་དབྱངས་བཟོད་པ།    ཀློག་ཐེངས།  

སྐུ་ཕྲེང་དང་བོ་རབ་འབྱམས་པ་དགེ་འདུན་གྲགས་པ།  ?—1725  ཚ་ཁོ་ཟངས་དཀར་སྡེ་བ།

སྐུ་འཕྲེང་གཉིས་པ་བཀའ་རམས་པ་ངག་དབང་ཚུལ་ཁྲིམས། 1726—?     ཚ་ཁོ་ཟངས་དཀར།

ཁང་དམར་ཁྱོམ་ཚ་སྐུ་འཕྲེང་གསུམ་པ་དཀོན་མཆོག་དམ་ཆོས་རྒྱ་མཚོ།1787—1858  དམུ་དགེ་ཝ་ཚང་སྡེ་བ།

 ཁང་དམར་ཁྱོམ་ཚ་སྐུ་འཕྲེང་བཞི་བ་དཀོན་མཆོག་ཆོས་འཕེལ་རྒྱ་མཚོ།?—?ཚ་ཁོ་ཟངས་དཀར།

ཁང་དམར་ཁྱོམ་ཚ་སྐུ་འཕྲེང་ལྔ་བ་ཁང་དམར་ཁྱོམ་ཚ་འཇིགས་མེད་ལྷུན་འགྲུབ་རྒྱ་མཚོ།?—?    ཚ་ཁོ་ཟངས་དཀར།

ཁང་དམར་ཁྱོམ་ཚ་སྐུ་ཕྲེང་དྲུག་པ་བློ་བཟང་འཇམ་དབྱངས་རྒྱ་མཚོ། 1889—1909  ཚ་ཁོ་ཟངས་དཀར།

ཁང་དམར་ཁྱོམ་ཚ་སྐུ་ཕྲེང་བདུན་པ་འཇམ་དབྱངས་མཁྱེན་རབ་རྒྱ་མཚོ། 1911— 1923    ཚ་ཁོ་ཟངས་དཀར།

ཁང་དམར་ཁྱོམ་ཚ་ སྐུ་ཕྲེང་བརྒྱད་པ་བློ་བཟང་བསྟན་པ་ཡར་འཕེལ། 1925—1958    རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་སྡེ་བ།

ཁང་དམར་ཁྱོམ་ཚ་སྐུ་ཕྲེང་དགུ་བ་ཀླུ་སྒྲུབ་བསྟན་པའི་ཉི་མ།  1961— ? ཁྱུང་མཆུ་རྫོང་ཚ་རུ་མ་སྡེ་བ།

ཁང་དམར་ཁྱོམ་ཚ་སྐུ་ཕྲེང་བཅུ་བ་བློ་བཟང་བསྟན་འཛིན་བདེ་གཤེགས་མཆོགའཁྲུངས་ལོ་2016—ཚ་ཁོ་ཟངས་དཀར།

གསལ་བཤད།

སི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཁང་དམར་དགོན་གྱི་དགོན་བདག  ཀུན་མཁྱེན་མདོ་སྨད་དུ་ཕེབས་སྐབས་རབ་འབྱམས་པ་བརྒྱད་ཅུ་དང་མཉམ་ཕེབས་མཛད་པའི་གྲས།  བླ་བྲང་བཀྲ་ཤིས་འཁྱིལ་བའི་དགེ་བསྐོས་ཨང་རིམ་གསུམ་པ་བ་བཅས་ཡིན། 

(འཇམ་དབྱངས་བཟོད་པ།)

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།