འོན་རྒྱལ་སྲས་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-03-05 09:55:42     རྩོམ་པ་པོ།   ཧོར་བ་འཇམ་དབྱངས།    ཀློག་ཐེངས།  

འོན་རྒྱལ་སྲས་སྐུ་ཕྲེང་དང་པོ་ཤེས་རབ་འཕེལ།དགུང་ལོ་ང་གསུམ་པར་གཤེགས།དབུས་སྟོད་ཀླུངས་ཤོད།

སྐུ་ཕྲེང་གཉིས་པ་རྒྱལ་སྲས་ཆོས་འཕེལ་རྒྱ་མཚོ།དགུང་ལོ་རེ་གསུམ་ལ་གཤེགས།འོལ་དགའ་མཐོང་སྨོན་དུ་འཁྲུངས།

སྐུ་ཕྲེང་གསུམ་པ་རྒྱལ་སྲས་དོན་ཡོད་ཆོས་ཀྱི་རྒྱ་མཚོ།དྭགས་པོ།

སྐུ་ཕྲེང་བཞི་བ་རྒྱལ་སྲས་བློ་བཟང་བསྟན་འཛིན་རྒྱ་མཚོ།༡༦༦༥----དགུང་ལོ་ང་དགུ་པ།དྭགས་སྟོད་མགར་ཡུལ་དག་གསེབ།

སྐུ་ཕྲེང་ལྔ་བ་རྒྱལ་སྲས་འཇིགས་མེད་ཡེ་ཤེས་གྲགས་པ།༡༦༩༦---༡༧༥༠འོལ་དགའ་ལྷ་ལུང་རྙིང་པ།

སྐུ་ཕྲེང་དྲུག་པ་རྒྱལ་སྲས་སྐལ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚན་།༡༧༤༣---༡༨༡༡དབུས་སྟོད་ལ་མོ།

སྐུ་ཕྲེང་བདུན་པ་ངག་དབང་བློ་བཟང་ཐོགས་མེད་བསྟན་འཛིན་རྒྱ་མཚོ།

སྐུ་ཕྲེང་བརྒྱད་པ་འཇིགས་མེད་ཚུལ་ཁྲིམས་རྒྱ་མཚོ།

སྐུ་ཕྲེང་དགུ་བ་ཐུབ་བསྟན་འཇིགས་མེད་རྒྱལ་མཚན

སྐུ་ཕྲེང་བཅུ་བ་རྒྱལ་སྲས་ངག་དབང་བློ་བཟང་ལེགས་བཤད་སྒྲོན་མེ།༡༩༤---༩༢༠༠༥


བོད་ཀྱི་སྤྲུལ་སྐུ་རྣམ་གསུམ་གྲས་ལ་འོན་རྒྱལ་སྲས་སྤྲུལ་སྐུ་དང་།ལོ་སེམས་དཔའ་སྤྲུལ་སྐུ་གཉིས་སྨོས་མེད་ཐོག།དེའི་སྟེང་དུ་སླེ་ལུང་རྗེ་དྲུང་སྤྲུལ་སྐུ་དང་།སེ་ར་འཇོག་པོ་སྤྲུལ་སྐུ།སྐྱོར་ལུང་མངའ་རིས་སྤྲུལ་སྐུ་བཅས་སོ་སོར་འདྲེན་ཚུལ་མི་མཐུན་པ་སྣང་།

འདིར་དགེ་ལུགས་པའི་སྤྲུལ་སྐུ་དག་གི་སྐུ་ཕྲེང་རིམ་བྱོན་གྱི་མཚོན་ཐོ་འགོད་བཞིན་ཡོད་པས་མཚན་ཐོ་སྐུར་མཁན་དག་གིས སྤྲུལ་སྐུའི་སྐུ་ཕྲེང་ཆོག་མཆན་ཡི་གེ་དང་བསྟུན་དགོས་པ་ཐུགས་ལ་བསྣན་པར་ཞུ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།