རོང་བོ་དགོན་ཆེ་བ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-02-22 07:49:32     རྩོམ་པ་པོ།   འཇམ་དཔལ་ཚེ་རིང་།    ཀློག་ཐེངས།  

༡ རྒྱལ་ཚབ་བློ་བཟང་ཆོས་གྲགས།   1608—1695 རོང་བོ་བློན་ཆོས་སྒར་བའི་དཔོན་ཚང་།

༢  བློ་བཟང་ཆོས་གྲགས་རྒྱ་མཚོ།1696—1774ཧོར་སྙན་བཟང་བོད་མོ་སྡེ་བ།

༣ འཕྲིན་ལས་རྡོ་རྗེ།1775 —1786 རོང་བོ་བློན་ཆོས་འོན་རྒྱ་ཚོ་བ།

༤  རྫི་དཀར་དགེ་འདུན་བློ་བཟང་།  1787—?མཚོ་སྔོན་པོའི་གཡོན་རུ་སྡེ་བའི་རྫི་དཀར་ཚོ་བ།

༥  དགེ་འདུན་བློ་བཟང་བསྟན་འཛིན་རྒྱ་མཚོ། ?—?བསེ་ཆུ་མའི་ཀླུ་གཤོང་མགོ་རྐྱང་ཚོ་བ།

༦  བློ་བཟང་མཁྱེན་རབ་རྒྱ་མཚོ།  ?—? ཧོར་སྙན་བཟང་ཧོར་ནག་སྡེ་བ། 

༧  བློ་བཟང་མཁྱེན་རབ་དཔལ་ལྡན་རྒྱ་མཚོ།1897—1963 གཡོན་རུ་བསའ་མོ་མ།

༨   འཇིགས་མེད་དགེ་འདུན་རྒྱ་མཚོ།  1964.4.25—རོང་བོ་བློན་ཆོས་དམེ་ཚང་ཚོ་བ།        

གསལ་བཤད། སྐུ་ཕྲེང་དང་པོས་རྗེ་སྐལ་ལྡན་པའི་རྒྱལ་ཚབ་དུ་བགྲང་བྱ་སུམ་ཅུ་ལྷག་ལ་རོང་བོ་ཐོས་བསམ་རྣམ་པར་རྒྱལ་བའི་གླིང་བསྐྱངས་བས་རྒྱལ་ཚབ་ཟེར།  རོང་བོའི་གདན་རབས་སོགས་སུ་བློན་ཆོས་ཁྲི་རིན་པོ་ཆེ་ཞེས་ཟེར། སྐུ་ཕྲེང་གཉིས་པ་ནས་བཟུང་རོང་བོ་དགོན་ཆོས་འཕེལ་གླིང་འཛིན་བདག་གནངས་པ་རེད།

(འཇམ་དཔལ་ཚེ་རིང་གིས་ཁོང་པར་གྲོས་བསྡུར་ནས་བཀོད།)

འདིར་དགེ་ལུགས་པའི་སྤྲུལ་སྐུ་དག་གི་སྐུ་ཕྲེང་རིམ་བྱོན་གྱི་མཚོན་ཐོ་འགོད་བཞིན་ཡོད་པས་མཚན་ཐོ་སྐུར་མཁན་དག་གིས སྤྲུལ་སྐུའི་སྐུ་ཕྲེང་ཆོག་མཆན་ཡི་གེ་དང་བསྟུན་དགོས་པ་ཐུགས་ལ་བསྣན་པར་ཞུ།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།