འབོ་རའི་ཐར་མི་ཆི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།
༡. སྐུ་ཕྲེང་དང་པོ། ཐར་མི་ཆི་རྗེ་བློ་བཟང་དོན་འགྲུབ། 1700—1777 ཙ་ཡུས་དཔོན་འཁོར།
༢. སྐུ་ཕྲེང་གཉིས་པ། རྗེ་བློ་བཟང་རྒྱ་མཚོ། འཁྲུངས་འདས་མི་གསལ།
༣. སྐུ་ཕྲེང་གསུམ་པ། རྗེ་དཀོན་མཆོག་བསྟན་འཛིན། ཨོཾ་འཁྱིལ་ལམ་དེང་གི་ཙ་ཡུས་དེའུ་ལུང་།
༤ . སྐུ་ཕྲེང་བཞི་བ། རྗེ་བློ་བཟང་བརྩོན་འགྲུས་རྒྱ་མཚོ། 1991 —སྐུ་འཚོ་བཞེས། བསང་ཁོག་དཔའ་རིས་སྡེ་བ།
རྗེ་འདི་རྭ་ལོ་ཙཱ་བ་དང་དགའ་ལྡན་ཁྲི་ཐོག་ཉེར་གཉིས་པ་སྟེ་སེར་སྨད་ཡིག་ཆའི་བདག་པོ་མཁས་གྲུབ་བསྟན་དར་བ། རྒྱལ་རོང་ནམ་མཁའ་ལྷུན་གྲུབ་སོགས་དམ་པའི་འཁྲུངས་རབས་རྣམ་ཐར་དུ་གསལ། ཐར་མི་ཆི་ཞེས་པ་སོག་སྐད་དེ་དབུ་བླའི་དོན་ཡིན་ཞིང་། ཆིང་ཝང་བསྟན་འཛིན་དབང་ཕྱུག་གིས་སྐུ་ཕྲེང་དང་པོར་ཐར་མི་ཆི་ཞེས་པའི་མཚན་གྱིས་ཆེ་བསྟོད་ཕུལ་བས། སྐུ་ཕྲེང་རིམ་བྱོན་ལ་མཚན་དེ་ལྟར་ཐོགས། ཐར་མི་ཆིའི་གསུང་གི་དབུ་ཚད་སོགས་དང་བསེ་ཚང་གི་རྣམ་ཐར་རྒྱས་པ་ཡོད། འབོ་རའི་སྔོན་པོ་ཐང་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་གི་དགོན་བདག་ཡིན།
(འབོ་ར་བཀྲ་རྒྱམ།)
རྩོམ་སྒྲིག་པ།ཤེས་རབ་རལ་གྲི།
གསལ་འདེབས།
རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།
དྲ་བའི་སྦྲེལ་ཐགhttp://www.tb1025.cn