ཀོའུ་བ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-11-16 09:40:00         ཀློག་ཐེངས།  

1. གཞོན་ནུ་བྱང་ཆུབ་འོད་ཟེར།  1300-? ཁྲི་ཀའི་ཨར་རྐོང་ཀོའུ་བ།

2. སྒོམ་ཆེན་ངག་དབང་གྲགས་པ།  སྐུ་འབུམ་མཆོད་གཞིས་ཞིང་སྐྱོང་།

3. གནམ་སྔོན་གྲུབ་ཆེན་བྱམས་པ་རྣམ་རྒྱལ།  མཚོ་སྔོན།

4. ཆོས་ཀྱི་རྒྱ་མཚོ། 1571-1635 རྨ་འགྲམ་སྐར་མ་ཐང་།(གཅན་ཚ་རྫོང་ཁུངས) འདི་ལ་སྤྲུལ་སྐུ་གཉིས་བྱུང་།

5. གནམ་སྔོན་གྲགས་པ་དར་རྒྱས།  དེའི་སྤྲུལ་སྐུ་གནམ་སྔོན་བློ་བཟང་སྙན་གྲགས་སོགས་སྤྲུལ་རབས་ཁ་ཤས་ཕེབས་པ་རྣམས་སྐུ་འབུམ་དགོན་པའི་བླ་མ་ཡིན།

5.  བློ་བཟང་རྒྱལ་མཚན། (ཀོའུ་བ་དགོན) 1636-1700? སྲིན་པོ་རིའི་ལྷ་ཞོལ་ཆོས་ཚའི་འོ་རོང་ཚོ་བ།

6.  བློ་བཟང་ཆོས་ལྡན། ? -1781  དཔའ་ལུང་ཁ་སྒང་ཀོའུ་བ་སྡེ་བ།

7. དགེ་འདུན་ལྷུན་པོ།  1782-? མདོ་སྨད་རྒན་གྱ།

8. ངག་དབང་བློ་བཟང་བསྟན་འཛིན་ཉི་མ། ? -1867 ? ཁྲི་ཀ་ཆོས་ཚ།

9. དགེ་འདུན་བསྟན་པ་དར་རྒྱས།  1868-1904  གཡུ་སྐྱོང་།

10. བློ་བཟང་བཤད་སྒྲུབ་རྒྱ་མཚོ།  1904-1946  ཁྲི་ཀའི་རྐང་ཚ།

11. བློ་བཟང་ཐུབ་བསྟན་དབང་ཕྱུག  1948ལོར་འཁྲུངས།  གཙན་ཚའི་སྣང་ར།

ཀོའུ་བ་སྐུ་ཕྲེང་རིམ་བྱོན་ནི་ཀོའུ་བ་བཤད་སྒྲུབ་དར་རྒྱས་གླིང་གི་དགོན་བདག་བླ་མ་ཡིན་ཞིང་།  ཀོའུ་བ་བློ་བཟང་རྒྱལ་མཚན་མན་ནི་པཎ་ཆེན་བཅུ་བའི་ཡོངས་འཛིན་རྗེ་འཇིགས་མེད་རྒྱ་མཚོས་མཛད་པའི་འཁྲུངས་རབས་གཞིར་བཟུང་བ་ཡིན།  དེའི་ཡན་ལ་ཡིག་ཆ་མི་མཐུན་པ་ཁ་ཤས་ཡོད་པས་དཔྱད་གཞི་ཆེའོ། ། 

ཨ་འབྱུང་བསྟན་འཛིན་སྒྲོལ་མས་སྐུ་འབུམ་གདན་རབས་དང་ཀོའུ་དགོན་པའི་གདན་རབས་སོགས་ལས་བཏུས་ཏེ་བསྒྲིགས།

རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།