རྗེ་ཤར་གདོང་རིན་པོ་ཆེའི་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-14 23:09:59     རྩོམ་པ་པོ།   ལྡེ་ཚ་རྣམ་རྒྱལ་ཚེ་རིང་།    ཀློག་ཐེངས།  

1. མཚན་དང་འཁྲུངས་འདས་ཀྱི་ལོ་ཚིགས་མི་གསལ།

2. ཤར་གདོང་ངག་དབང་བསྟན་འཛིན།   དཔའ་ལུང་མདོ་བ་མར་ནང་།

3. ཤར་གདོང་དགེ་འདུན་བསྟན་པ་རབ་རྒྱས།  འཁྲུངས་འདས་མི་གསལ།

4. ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ།  1922-2001  བྱ་ཁྱུང་དགོན་པའི་ལྷ་སྡེ་གུང་ཡེ་སྒོམ་མཚེར།

5. ཤར་གདོང་བསྟན་འཛིན་དགེ་ལེགས།  2003-  སྐུ་འབུམ་དགོན་པའི་ལྷ་སྡེ་ཁྱུང་གྱའི་ཐོག་ཁང་ལ་ཁ་སྡེ་བ།

      ཤར་གདོང་སྐུ་ཕྲེང་རིམ་བྱོན་ནི་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་བླ་མ་ཡིན་ཞིང་།  སྐུ་ཕྲེང་འགའ་རེ་ནི་བྱ་ཁྱུང་དགོན་པའི་མཁན་ཁྲིར་བཞུགས།  ཁྱད་པར་དུ་སྐུ་ཕྲེང་བཞི་བ་མཆོག་གིས་མཚོ་སྔོན་མི་རིགས་སློབ་ཆེན།  མཚོ་སྔོན་སློབ་གསོ་སློབ་གླིང་།  ནུབ་བྱང་མི་རིགས་སློབ་ཆེན།  ཀྲུང་གོ་བོད་བརྒྱུད་ནང་བསྟན་སློབ་གླིང་སོགས་རྒྱ་བོད་ཀྱི་དགོན་སྡེ་དང་སློབ་གྲྭ་མང་བོར་ཆོས་རིག་འཆད་སྤེལ་གྱི་མཛད་འཕྲིན་རྒྱ་ཆེན་བསྐྱངས་ཤིང་གསུང་འབུམ་པོད་བཅུ་བཞུགས།

ལྡེ་ཚ་རྣམ་རྒྱལ་ཚེ་རིང་གིས་བཏུས་ཏེ་བསྒྲིགས།

ལྡེ་ཚ་རྣམ་རྒྱལ་ཚེ་རིང་གིས་བཏུས་ཏེ་བསྒྲིགས།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།