ཤིས་ཚང་ཧོར་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-14 13:34:30     རྩོམ་པ་པོ།   བློ་བཟང་ཚུལ་ཁྲིམས།    ཀློག་ཐེངས།  

སྐུ་ཕྲེང་དང་བོ་ཧོར་བཀའ་ཆེན་བརྩོན་འགྲུས་རྒྱ་མཚོ། འཁྲུངས་འདས་མི་གསལ། ཀླུ་ཆུའི་ཧོར་ཚོ་བ།

སྐུ་ཕྲེང་གཉིས་པ་འཇམ་དབྱངས་མཁས་གྲུབ། འཁྲུངས་ལོ་མི་གསལ། 1802ལོར་སྐུ་གཤེགས།

སྐུ་ཕྲེང་གསུམ་པ་མཚན་མ་ངེས།   དགུང་ལོ་བཅུ་གཅིག་ཐོག་འདས།  ཀིརྟི།

སྐུ་ཕྲེང་བཞི་བ་མཚན་མ་ངེས།  དགུང་ལོ་བཅུ་བདུན་སྟེང་གཤེགས།  ཨ་གྱ་སྟག་འགག

སྐུ་ཕྲེང་ལྔ་བ་རྗེ་འཇིགས་མེད་བསྟན་འཛིན་རྒྱ་མཚོ། འཁྲུངས་འདས་མི་གསལ། ཤིས་ཚང་དགོན་པའི་གདན་རབས་ཉེར་བཞི་བ།

སྐུ་ཕྲེང་དྲུག་པ་རྗེ་བསྐལ་བཟང་མཁས་གྲུབ་རྒྱ་མཚོ། འཁྲུངས་འདས་མི་གསལ། ཀླུ་ཚུའི་རྫས་ཚའི་རོང་།

སྐུ་ཕྲེང་བདུན་པ་རྗེ་འཇམ་དབྱངས་མཁས་གྲུབ་རྒྱ་མཚོ།1895-1958ཤིས་ཚང་རྒྱ་སྒུར།

སྐུ་ཕྲེང་བརྒྱད་པ་རྗེ་བློ་བཟང་ཤེས་རབ་རྒྱ་མཚོ། 1984-སྐུ་འཚོ་བཞེས། ཀླུ་ཚུའི་རྫས་ཚའི་འབྲོག

ཧོར་སྐུ་ཕྲེང་དང་བོས་ཧོར་དགོན་པ་བཏབ་ཅིང་། དགོན་ཤུལ་ད་ལྟའང་ཀླུ་ཆུའི་ཤིས་ཚང་ཡུལ་ཚོའི་ཁོངས་གཏོགས་ཧོར་སྡེ་བར་མཇལ་རྒྱུ་ཡོད་ལ། ཧོར་སྟག་མགུར་བ་ཞེས་པའི་མཚན་འདི་ནས་བྱུང་། འདི་བར་ཞལ་གདམས་མགུར་མའི་སྐོར་དང་རྟེན་འབྱུང་དོན་བསྡུས་སོགས་གསུང་རྩོམ་འགའ་རེ་སྣང་།  

   (བློ་བཟང་ཚུལ་ཁྲིམས།)

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།