རྗེ་ལྷ་རི་བ་སྐུ་ཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-14 12:15:10     རྩོམ་པ་པོ།   ལྡེ་ཚ་རྣམ་རྒྱལ་ཚེ་རིང་།    ཀློག་ཐེངས།  

1. བློ་བཟང་འབྱུང་གནས།  1684-?གཙན་ཚ་དོ་རྒྱ་ཚིས་ཀ་སྡེ་བ།

2. ངག་དབང་བློ་བཟང་རྒྱ་མཚོ།  འཁྲུངས་འདས་མི་གསལ།  གཙན་ཚ་དོ་རྒྱ་ཚིས་ཀ་སྡེ་བ།

3. བློ་བཟང་བཀྲ་ཤིས།  1820-1889?  ཁྲི་ཀ

4. བློ་བཟང་ཚུལ་ཁྲིམས་རྒྱ་མཚོ།  1890-1960  ཁྲི་ཀའི་སྨད་པ།

5. ལྷ་རི་འཇིགས་མེད་ཆོས་གྲགས་རྒྱ་མཚོ།  1965.1.11  ཁྲི་ཀའི་སྨད་པ་མོད་ཡག་སྡེ་བ།

རྗེ་ལྷ་རི་བ་སྐུ་ཕྲེང་རིམ་བྱོན་ནི་མདོ་སྨད་གཅན་ཚའི་ལྷ་རི་བསམ་གཏན་གླིང་གི་དགོན་བདག་ཡིན།  འདིའི་ལོ་ཚིགས་སོགས་ནི་དགེ་རྒན་ཆེན་མོ་ཁྱུང་ཕྲུག་བློ་བཟང་དར་རྒྱས་ཀྱིས་བརྩམས་པའི་ལྷ་རི་བསམ་གཏན་གླིང་གི་གདན་རབས་འཕྲིན་ལས་འོད་དཀར་གཞིར་བཟུང་ནས་བཀོད་པ་ཡིན།  སྐུ་ཕྲེང་གསུམ་པའི་འདས་ལོ་ཐད་ལ་གདན་རབས་དེ་ནང་དུ་རྒན་པོ་འགའི་ངག་རྒྱུན་ལ་ཁོང་དགུང་ལོ་ཞེ་དགུའི་སྟེང་གཤེགས་པར་བཤད་པ་ལྟར་ན་སྤྱི་ལོ་1868ལོར་འདས་པ་ཡིན་དགོས།  ཡིན་ནའང་སྐུ་ཕྲེང་བཞི་བ་ནི་སྤྱི་ལོ་1890ལོར་འཁྲུངས་པས་སྐུ་ཕྲེང་སྔ་ཕྱི་གཉིས་ཀྱི་བར་དུ་ལོ་ཉི་ཤུ་ལྷག་གི་ཧེ་བག་ཡོད་པས་ངག་སྒྲོས་དེ་དག་པར་མ་མཐོང་ཞེས་གསུངས་ཡོད་པས་དཔྱད་པར་འཚལ།

(ལྡེ་ཚ་རྣམ་རྒྱལ་ཚེ་རིང)

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།