འགྱང་རོ་སྐུ་འཕྲེང་རིམ་བྱོན་གྱི་མཚན་ཐོ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2021-10-13 12:53:25     རྩོམ་པ་པོ།   ཁ་རྒྱ་བསམ་འཕེལ།    ཀློག་ཐེངས།  

སྐུ་འཕྲེང་དང་བོ། གུར་དམར་གསེར་ཏོག འཁྲུངས་ཡུལ་མདོ་སྨད་རྔ་བ། 1695ལོ་འདས། འཁྲུངས་ལོ་མི་གསལ།

སྐུ་འཕྲེང་གཉིས་པ། ངག་དབང་བསྟན་འཛིན་རྒྱ་མཚོའམ་མཚུངས་མེད་ཆོས་རྗེ། 1696-1762 མདོ་སྨད་རྔ་བ། བཀྲ་ཤིས་འཁྱིལ་གྱི་གདན་རབས་བཞི་བ་དང་ཀུན་མཁྱེན་འཇིགས་མེད་དབང་བོའི་ཡོངས་འཛིན་མཛད།

སྐུ་འཕྲེང་གསུམ་པ། འཇིགས་མེད་འཕྲིན་ལས། 1762-1771 མཛོད་དགེ་དམེ་བོ།

སྐུ་འཕྲེང་བཞི་བ། འཇིགས་མེད་བསྟན་པའི་རྒྱལ་མཚན། 1773–1850 རྩེ་གཞུང་བསེ་ཆུ་མ། བཀྲ་ཤིས་འཁྱིལ་གྱི་གདན་རབས་ཉེར་དྲུག་པ་ཡིན།

སྐུ་འཕྲེང་ལྔ་བ། འཇམ་དབྱངས་བསྟན་འཛིན་རྒྱ་མཚོའམ་པདྨ་རྡོ་རྗེ། 1850-1929 སྟོད་སོག་རྒྱལ་བོ་ཝང་ཚང་།

སྐུ་འཕྲེང་དྲུག་པ། འཇམ་དབྱངས་བསྟན་པའི་རྒྱལ་མཚན། 1930-1985 མཛོད་དགེ་རུ་སྟོད་མ།

སྐུ་འཕྲེང་བདུན་པ། བློ་བཟང་དགེ་ལེགས་རྒྱ་མཚོ། 1987- ཀླུ་ཆུའི་ཨ་ལ།  ཁ་གྱའི་སྒར་རྙིང་དགའ་ལྡན་བཤད་སྒྲུབ་འཕེལ་རྒྱས་གླིང་གི་དགོན་བདག་ཡིན།

ཁ་རྒྱ་བསམ་འཕེལ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།