དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཀླགས་པའི་ཟིན་ཐོ།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2024-02-07 21:12:36     རྩོམ་པ་པོ།   ཤེས་རབ་བསྟན་དར།    ཀློག་ཐེངས།  

དམ་པའི་ཆོས་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོའི་མཚན་ལ་རྒྱ་གར་སྐད་དུ། སད་དྷརྨ་པུཎ་ཌ་རཱི་ཀ་ནཱ་མ་མ་ཧཱ་ཡཱ་ན་སཱུ་ཏྲ། རྒྱ་ནག་སྐད་དུ་ཧྥ་ཧྭ་ཅིན་ཟེར(法华经)བཀའ་འགྱུར་ཇ་དུམ་པར་བཞུགས།གཞན་འཕགས་པ་སྙིང་རྗེ་ཆེན་པོ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་དང་། འཕགས་པ་སྙིང་རྗེ་པད་མ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་གཉིས་བཞུགས་ཀྱང་  འདི་ཉིད་ཡིན།

འདིར་ལེའུ་ཉེར་བདུན་ཡོད་དེ། [ བཀའ་འགྱུར་པར་མ་ཁག་གི་དཀར་ཆག་ཕྱོགས་བསྒྲིགས། བདེ་བར་གཤེགས་པའི་གསུང་རབ་རིན་པོ་ཆེའི་དཀར་ཆག་བསྟན་པ་རྒྱས་པའི་ཉི་འོད་ཅེས་བྱ་བ།  དེབ།105-ལྡེབ།451 ]ཇ་པ་ལ།  དམ་པའི་ཆོས་པད་མ་དཀར་པོ་བམ་པོ་བཅུ་གསུམ་པ་དང་ལེའུ་ཉེར་བདུན་པ།  པཎ་ཌི་ཏ་སུ་རེན་དྲ་བོ་དྷི་དང་།  ལོཙྪ་བ་ཡེ་ཤེས་སྡེའི་འགྱུར།ཆོས་ཐམས་ཅད་ཀྱི་ཡོན་ཏན་བཀོད་པའི་རྒྱལ་པོ་ཤུ་ལོག་བཞི་བརྒྱ་པ།  འདིའི་མ་དཔེའི་དཀར་ཆག་ཏུ་གྲངས་དེ་བཞིན་དུ་བྱུང་ལ།  བུ་སྟོན་པའི་ཆོས་འབྱུང་དུ་བམ་པོ་དྲུག་ཏུ་བྱས་འདུག་པ་དེ་གཉིས་གང་ཞིག་ཡིན་དཔྱད་པར་བྱའོ།  །ཞེས་གསུངས།

དེ་ལྟར་ན་འདི་ལའང་རྒྱས་བསྡུས་གཉིས་བཞུགས་སམ། འདིར་ལེའུ་ཉེར་བདུན་ཡོད་དེ།

དང་པོ། གླེང་གཞིའི་ལེའུ།

གཉིས་པ། ཐབས་ལ་མཁས་པའི་ལེའུ།

གསུམ་པ། དཔེའི་ལེའུ།

བཞི་པ། མོས་པའི་ལེའུ།

ལྔ་པ། སྨན་གྱི་ལེའུ།

དྲུག་པ། ཉན་ཐོས་ལུང་བསྟན་པའི་ལེའུ།

བདུན་པ། སྔོན་གྱི་སྦྱོར་བའི་ལེའུ།

བརྒྱད་པ། དགེ་སློང་ལྔ་བརྒྱ་ལུང་བསྟན་པའི་ལེའུ།

དགུ་པ། ཀུན་དགའ་བོ་དང་སྒྲ་གཅན་ཟིན་དང་དགེ་སློང་ཉིས་སྟོང་ལུང་བསྟན་པའི་ལེའུ།

བཅུ་པ། ཆོས་སྨྲ་བའི་ལེའུ།

བཅུ་གཅིག་པ། མཆོད་རྟེན་བསྟན་པའི་ལེའུ།

བཅུ་གཉིས་པ། སྤྲོ་བར་བྱ་བའི་ལེའུ།

བཅུ་གསུམ་པ། བདེ་བར་གནས་པའི་ལེའུ།

བཅུ་བཞི་པ། བྱང་ཆུབ་སེམས་དཔའ་ས་རུམ་ནས་འཐོན་པའི་ལེའུ།

བཅོ་ལྔ་པ། དེ་བཞེན་གཤེགས་པའི་སྐུ་ཚེའི་ཚད་ཀྱི་ལེའུ།

བཅུ་དྲུག་པ། བསོད་ནམས་ཀྱི་རྣམ་གྲངས་ཀྱི་ལེའུ།

བཅུ་བདུན་པ། རྗེས་སུ་ཡི་རང་བའི་བསོད་ནམས་བསྟན་པའི་ལེའུ།

བཅོ་བརྒྱད་པ། སྐྱེ་མཆེད་དྲུག་རྣམ་པར་དག་པའི་ཕན་ཡོན་གྱི་ལེའུ།

བཅུ་དགུ་པ། རྟག་ཏུ་བརྙས་པའི་ལེའུ།

ཉི་ཤུ་པ། དེ་བཞིན་གཤེགས་པའི་རྫུ་འཕྲུལ་མངོན་པར་འདུ་བྱེད་པའི་ལེའུ།

ཉི་ཤུ་རྩ་གཅིག་པ། གཟུངས་སྔགས་ཀྱི་ལེའུ།

ཉི་ཤུ་རྩ་གཉིས་པ། སྨན་གྱི་རྒྱལ་པོའི་སྔོན་གྱི་སྦྱོར་བའི་ལེའུ།

ཉི་ཤུ་རྩ་གསུམ་པ། སང་སང་པོའི་དབྱངས་ཀྱི་ལེའུ།

ཉི་ཤུ་རྩ་བཞི་པ། སྤྱན་རས་གཟིགས་དབང་ཕྱུག་གི་རྣམ་པར་འཕྲུལ་པ་བསྟན་པ་ཀུན་ནས་སྒོའི་ལེའུ།

ཉི་ཤུ་རྩ་ལྔ་པ། རྒྱལ་པོ་དགེ་བ་བཀོད་པའི་སྔོན་གྱི་སྦྱོར་བའི་ལེའུ།

ཉི་ཤུ་རྩ་དྲུག་པ། ཀུན་ཏུ་བཟང་པོས་སྤྲོ་བར་བྱ་བའི་ལེའུ།

ཉི་ཤུ་རྩ་བདུན་པ། ཡོངས་སུ་གཏད་པའི་ལེའུ་བཅས་ལེའུ་ཉེར་བདུན་ཡོད།

རྩོམ་སྒྲིག་པ།  ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།