ཀུན་མཁྱེན་འཇམ་དབྱངས་བཞད་པའི་ཡིག་ཆ་སློབ་གཉེར་གནང་བའི་མཁས་པ།

ཡོང་ཁུངས།   ངེད་དགེ་ལུགས་དྲ་བ།     སྤེལ་དུས།  2022-03-20 08:51:20     རྩོམ་པ་པོ།   ཤེས་རབ་བསྟན་དར་གྱིས་བསྒྲིགས།    ཀློག་ཐེངས།  

སྒོ་མང་ཡིག་ཆར་སློབ་གཉེར་བྱས་པ་ལས་མཁས་གྲུབ་བསམ་གྱིས་མི་ཁྱབ་པ་བྱོན་པས་དེ་དག་གི་མཚན་ཐོ་ཙམ་ཡང་སུས་ཀྱང་འགོད་ཐབས་བྲལ། གསུང་འབུམ་བཞུགས་པ་དག་གི་མཚན་ཐོ་ཙམ་བསྒྲིགས་པའང་དཀའ་མོད། འདིར་མཚོན་ཙམ་དུ་མཁས་པ་གྲགས་པ་ཆེ་བའི་མཁས་པ་སྐོར་ཞིག་གི་མཚན་ཐོ་་བསྒྲིག་པར་བྱ།

ཀུན་མཁྱེན་འཇིགས་མེད་དབང་བོ།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  པོད་བཅུ་གཉིས་བཞུགས།

ཀུན་མཁྱེན་འཇིགས་མེད་རྒྱ་མཚོ། པོད་གཅིག

ཀུན་མཁྱེན་བསྐལ་བཟང་ཐུབ་བསྟན་རྒྱ་མཚོ། 

ཀྲང་ཀྱྰ་ཞབས་དྲུང་བསྐལ་བཟང་དཀོན་མཆོག་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།པོད་གསུམ་བཞུགས།

སྐུ་མཆེད་བློ་བཟང་བསྟན་པ་རྒྱ་མཚོ། རྭ་རྒྱ་བཀྲ་ཤིས་འབྱུང་གནས་ཀྱི་དགེ་བཤེས།  པོད་གཅིག་བཞུགས།

བསྐལ་བཟང་བསྟན་སྲུང་། སྐུ་འབུམ་དགོན་པའི་དགེ་བཤེས། པོད་འགའ་བཞུགས། 

ཁལ་ཧ་དཔལ་ལྡན་ཆོས་རྗེ།  པོད་དགུ་བཞུགས།

ཁྲི་དགེ་འདུན་ཕུན་ཚོགས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས། གསུང་འབུམ་པོད་གཅིག་བཞུགས།

ཁྲི་འཇིགས་མེད་རིགས་པའི་སེང་གེ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།

མཁན་པོ་ངག་དབང་ཐུབ་བསྟན་རྒྱ་མཚོ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།

མཁན་ཟུར་ངག་དབང་ཉི་མ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  པོད་དྲུག་བཞུགས།

གུང་ཐང་བསྟན་པའི་སྒྲོན་མེ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་བརྒྱད་བཞུགས།

འཇམ་དབྱངས་བསྟན་པའི་ཉི་མ།གསུང་འབུམ་པོད་གཅིག་བཞུགས།

དཀོན་མཆོག་བསྟན་པའི་རྒྱ་མཚོ།གསུང་འབུམ་པོད་གཅིག་བཞུགས།

གུང་ཐང་བསྟན་པའི་དབང་ཕྱུག།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་ལྔ་བཞུགས།

གུང་ཐང་བློ་གྲོས་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་བཅུ་གཉིས་བཞུགས།

སྒང་བ་བསྐལ་བཟང་བསྟན་པ་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་གཉིས་བཞུགས།

སྒོ་མང་མཁན་ཆེན་བསྟན་པ་ཆོས་འཕེལ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།    གསུང་འབུམ་པོད་གཉིས་བཞུགས།

སྒོ་མང་བསྟན་པ་བསྟན་འཛིན།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་ལྔ་ཙམ་བཞུགས།

སྒོ་མང་ཚུལ་ཁྲིམས་རྒྱ་མཚོ།  འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་གཅིག་བཞུགས།

གྲྭ་སྒོམ་བློ་བཟང་མཁྱེན་རབ་བསྟན་པའི་དབང་ཕྱུག  འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་པོད་བཅུ་བདུན་བཞུགས།

རྒྱ་ནག་པ་བསྟན་པའི་ཉི་མ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་གཉིས་བཞུགས།

རྒྱལ་མཁན་པོ་གྲགས་པ་རྒྱལ་མཚན།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་དྲུག་བཞུགས།

རྒྱལ་མཁན་སྤྲུལ་བསྐལ་བཟང་གྲགས་པ་རྒྱལ་མཚོ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་གཉིས་བཞུགས།

རྒྱལ་མཚན་སེང་གེ  འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།གསུང་འབུམ་པོད་གཅིག་བཞུགས།

རྒྱུད་སྟོད་མཁན་ཟུར་གྲགས་པ་ཚེ་བརྟནའབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།ལེགས་བཤད་གསེར་གྱི་ཕྲེང་བའི་རྣམ་བཤད་བཞུགས

དགེ་འདུན་ཆོས་འཕེལ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།   གསུང་འབུམ་གསུང་འབུམ་པོད་ལྔ་བཞུགས།

རྔ་བ་གྲགས་པ་རྒྱ་མཚོ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་བཞི་བཞུགས།

རྔ་བ་སྦྱིན་པ་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་གཅིག་བཞུགས།

ལྕང་སྐྱ་བློ་བཟང་ཆོས་ལྡན།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་ལྔ་བཞུགས།

ལྕང་སྐྱ་རོལ་བའི་རྡོ་རྗེ།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་དགུ་བཞུགས།

ཆངས་སུ་ཙིག་ཏི། ཕར་ཕྱིན་པོད་གཉིས་་བཞུགས།

ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོ།

ཆོས་འཕེལ་རྣམ་རྒྱལ།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གྲུབ་མཐའ་རྩ་བའི་དཔེ་ཁྲིད་ཟིན་བྲིས་པོད་གཅིག་བཞུགས། 

ཆོས་རྗེ་བློ་བཟང་བསྟན་པ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་གཅིག་ཙམ་བཞུགས།

འཇིགས་མེད་འཕྲིན་ལས་རྒྱ་མཚོ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་བདུན་བཞུགས།

འཇིགས་མེད་དམ་ཆོས་རྒྱ་མཚོ།གསུང་འབུམ་པོད་བཅུ་དགུ་བཞུགས།

རྙེ་བསྟན་པའི་རྒྱལ་མཚན། ལ་མོ་བདེ་ཆེན་གྱི་དགེ་བཤེས།གསུང་འབུམ་པོད་འགའ་ཡོད་བཞུགས།

རྟ་ཚག་སྐུ་ཕྲེང་བཅུ་པ་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན།  འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།གསུང་འབུམ་པོད་གཅིག་བཞུགས།

སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།གསུང་འབུམ་པོད་གསུམ་བཞུགས།

ཐར་མི་ཆི་བློ་བཟང་དོན་གྲུབ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། པོད་འགའ་བཞུགས།

ཐར་ཤུལ་དགེ་འདུན་ཆོས་སྐྱོང་རྒྱ་མཚོ། ལ་མོ་བདེ་ཆེན་གྱི་དགེ་བཤེས།  པོད་གཅིག་ཙམ་བཞུགས།

ཐར་ཤུལ་དགེ་ལེགས་དབང་ཕྱུག་ཆོས་སྐྱོང་རྒྱ་མཚོ། ལ་མོ་བདེ་ཆེན་གྱི་དགེ་བཤེས།པོད་གཅིག་ལ་ཉེ་བ་བཞུགས།

ཐུའུ་བཀྭན་ཆོས་ཀྱི་ཉི་མ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་བཅུ།

མཐུ་སྟོབས་ཉི་མ།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།གསུང་འབུམ་པོད་གཅིག་བཞུགས།


རྡོ་སྦིས་ཤེས་རབ་རྒྱ་མཚོ།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས། གསུང་འབུམ་པོད་གསུམ།

ལྡོང་སྟོན་ཆོས་དར་རྒྱས། གསུང་འབུམ་པོད་གཅིག་བཞུགས། 

སྡེ་ཁྲི་སྐུ་ཕྲེང་ལྔ་བ་འཇམ་དབྱངས་ཐུབ་བསྟན་ཉི་མ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་དྲུག་བཞུགས།

མདོ་སྨད་པ་ཡོན་ཏན་རྒྱ་མཚོ། གསུང་འབུམ་པོད་མང་བོ་་བཞུགས།

དཔལ་ལྡན་རྒྱ་མཚོ།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་འགའ་བཞུགས།

དཔའ་རིས་རབ་གསལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་གཅིག་བཞུགས།

དཔའ་རིས་འཇིགས་མེད་དམ་ཆོས།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།དག་ཡིག་ཤེས་བྱ་རབ་གསལ་གྱི་འགྲེལ་བ་བཞུགས།

དཔྱི་ས་བློ་གྲོས་རྒྱ་མཚོ། པོད་གཅིག་བཞུགས།

འབའ་ལིང་ཞབས་དྲུང་དཀོན་མཆོག་རྒྱལ་མཚན།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།བསྡུས་གཞུང་རིགས་གཞུང་པད་མའི་མཚོ་ཆེན་སོགས་བཞུགས། 

དབལ་མང་པཎ་ཊི་ཏ་དཀོན་མཆོག་རྒྱལ་མཚན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་བཅུ་གཉིས་བཞུགས།

དཔལ་མང་སྐལ་བཟང་བསྟན་འཛིན་རབ་རྒྱས།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་འདུལ་སྡོམ་འགྲེལ་བ་བཞུགས།

བ།

འབའ་མདའ་བ་ཐུབ་བསྟན་དགེ་ལེགས།ཇོ་ནང་བ། གསུང་འབུམ་ པོད་ཉེར་བཞི་བཞུགས།

འབོ་ར་ཡོན་ཏན་རྒྱ་མཚོ།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།   མཛོད་བསྡུས་འགྲེལ་བ་པོད་གཉིས་སོགས་བཞུགས།

བྲག་དགོན་པ་བསྟན་པ་རབ་རྒྱས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་དྲུག་བཞུགས།

བློ་བཟང་རྒྱལ་མཚན་སེང་གེའབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།གསུང་འབུམ་པོད་ལྔ་བཞུགས།

མར་ཁ་དཔལ་ལྡན་བཀྲ་ཤིས། ལ་མོ་བདེ་ཆེན་གྱི་དགེ་བཤེས།རྟེན་འབྲེལ་བསྟོད་པའི་འགྲེལ་བ་སོགས་བཞུགས།

མར་ཁ་ངག་དབང་བསྟན་འཛིན། ལ་མོ་བདེ་ཆེན་གྱི་དགེ་བཤེས།བཅའ་ཡིག་སོགས་ཡོད།

དམུ་དགེ་བསམ་གཏན།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་བདུན།

དམུ་དགེ་ཐུབ་བསྟན།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།ཕར་ཕྱིན་དང་སྐབས་བཞི་བ།རྟེན་འབྲེལ་སོགས་བཞུགས།

སྨད་སོག་བཛྲ།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་ལྔ་བཞུགས།

རྩིས་རམས་པ་བསམ་འགྲུབ་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་འགའ་བཞུགས།

རྩིས་རམས་པ་ཤེས་རབ་ཆོས་འཕེལ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་འགའ་བཞུགས།

བཙུན་པ་བློ་བཟང་རབ་བརྟན་།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།འདིར་གསུང་པོད་གཅིག་བཞུགས།

ཞང་སྟོན་བསྟན་པ་རྒྱ་མཚོ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་བཞི་བཞུགས།

ཞོ་ཕོང་ཕུན་ཚོགས་དར་རྒྱས་རྒྱ་མཚོ།  དྷཱིཿ  ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བཤེས།  པོད་འགའ་བཞུགས་ཀྱང་ད་ལྟ་པོད་གཅིག་ཙམ་ལས་མ་ལྷག

ཞྭ་དམར་པན་ཊི་ཏ་དགེ་འདུན་བསྟན་འཛིན།  པོད་བཅུ་བཞུགས།

ཡེ་ཤེས་རྒྱ་མཚོ།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་ལྔ་ཙམ་བཞུགས།

ཡོངས་འཛིན་གྲགས་པ་རྒྱ་མཚོ།  བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། དོན་བདུན་ཅུ་སོགས་བཞུགས།

ཡོངས་འཛིན་འཇིགས་མེད་རྒྱ་མཚོ།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།

ཡོངས་འཛིན་བློ་བཟང་དཔལ་ལྡན།  དྷི་ཚ་བཀྲ་ཤིས་ཆོས་སྡིངས་ཀྱི་དགེ་བཤེས། གསུང་འབུམ་པོད་གསུམ།

གཡོན་རུ་བློ་བཟང་སྙན་གྲགས། ལ་མོ་བདེ་ཆེན་གྱི་དགེ་བཤེས། གསུང་འབུམ་སྡོམ་གསུམ་བསླབ་བྱ་ཞིག་་བཞུགས།

ར་བསོད་ནམས་དབང་རྒྱལ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས། པོད་འགའ།

རིགས་སྒྲ་རིགས་པའི་རལ་གྲི། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་འགའ་བཞུགས།

རུ་མང་བྱམས་པ་འཕྲིན་ལས།བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས། གསུང་འབུམ་པོད་གཅིག

ལ་མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།གསུང་འབུམ་པོད་བཞི་བཞུགས།

ལ་མོ་གསེར་ཁྲི་བློ་བཟང་བསྟན་པའི་ཉི་མ།  གསུང་འབུམ་པོད་ལྔ་བཞུགས།

ཚུལ་ཁྲིམས་རྒྱ་མཚོ། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།པོད་གཅིག་བཞུགས།

སུམ་པ་པཎ་ཊི་ཏ་ཡེ་ཤེས་དཔལ་འབྱོར།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་བཅུ་བདུན་བཞུགས།

བསེ་ངག་དབང་བཀྲ་ཤིས། འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས། གསུང་འབུམ་པོད་བཅུ་བཞུགས།

ཧལ་ཧ་ཆོས་མཛད་བསྟན་པའི་སྒྲོན་མེ།  གསུང་འབུམ་ཕར་ཕྱིན་ཟིན་བྲིས་སོགས་བཞུགས།

ཧོར་བསྐལ་བཟང་དངོས་གྲུབ།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།   འདུལ་བའི་སྤྱིར་བསྟན་བཞུགས།

ལྷ་མོ་ཚུལ་ཁྲིམས་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།པོད་གཉིས་བཞུགས།

ཨ་ཁུ་ཤེས་རབ་རྒྱ་མཚོ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།པོད་བརྒྱད་བཞུགས།

ཨ་ཀྱཱ་བསྟན་པའི་རྒྱལ་མཚན།སྐུ་འབུམ་དགོན་པའི་དགེ་བཤེས།གསུང་འབུམ་པོད་གཉིས་བཞུགས།

ཨ་རོལ་ལུང་རྟོགས་རྒྱ་མཚོ།གསུང་འབུམ་པོད་གཅིག་བཞུགས།

ཨ་རོལ་ལུང་རིགས་རྒྱ་མཚོ།  གསུང་འབུམ་པོད་གསུམ་བཞུགས།

ཨ་ལག་ཤ་ལྷ་རམས་པ་ངག་དབང་བསྟན་དར།  འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས།  གསུང་འབུམ་པོད་གཉིས་བཞུགས།

ཨང་གི་ཚེ་རིང་རྡོ་རྗེ།  

ཨོ་རོད་ཞབས་དྲུང་བློ་བཟང་བསྟན་པའི་རྒྱལ་མཚན།འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་བཤེས། གསུང་འབུམ་པོད་གཉིས་བཞུགས།

ཨོཾ་འཁྱིལ་བ་འཇམ་དབྱངས་ལེགས་བཤད་རྒྱ་མཚོ།  བླ་བྲང་བཀྲ་ཤིས་འཁྱིལ་གྱི་དགེ་བཤེས།ད་ལྟ་གསུང་འབུམ་པོད་གཅིག་བཞུགས།


(གསལ་བཤད། འདི་སྒྲིག་བཞིན་པའི་སྐབས་ཡིན་པས་འདིར་མ་འདུས་པ་མཆན་དུ་འགོད་པ་དང་།  ལྷག་པར་འདི་གཏན་འཁེལ་མ་བྱས་པའི་སྔོན་དུ་དྲ་བ་དང་འཕྲིན་སྟེགས་གཞན་གྱིས་མི་བཀོལ་བར་འཚལ།  དེ ་ལྟར་བཀོད་ན་ནོར་བ་རྒྱུན་འབྱམས་སུ་འགྲོ་ངེས་པས་ཐུགས་འཇགས་ཞུ)

                               རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།