བ་རི་བརྒྱ་རྩའི་རྗེས་གནང་།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2021-04-01 20:43:34     རྩོམ་པ་པོ།   རྗེ་ཤེས་རབ་རྒྱ་མཚོ།    ཀློག་ཐེངས།  

སྒྲུབ་ཐབས་ཀུན་བཏུས་སམ། སྒྲུབ་ཐབས་བརྒྱ་རྩར་གྲགས་པ་བ་རི་བརྒྱ་རྩའི་རྗེས་གནང་རྒྱ་གཞུང་གི་ལུང་སོ་སོའི་ཐད་ཀར་སྦྱར་ཏེ་ཀུན་མཁྱེན་འཇམ་དབྱངས་བཞད་པའི་ལྷན་ཐབས་ཀྱི་སྟེང་ནས་ཐོབ་པའི་རིམ་པ་ནི།

ཐུབ་པ་རྡོར་གདན་པ་གཙོ་འཁོར་གསུམ༡།

འཇམ་དབྱངས་དམར་སེར་བརྟན་པའི་འཁོར་ལོའི་སྒྲུབ་ཐབས་གསུམ་ལ་རྗེས་གནང་གཅིག༢།

ཨ་ར་པ་ཙ་ན་དཀར་པོའི་སྒྲུབ་ཐབས་གཉིས་དང་འཕྲལ་དུ་ཉམས་སུ་མྱོང་བའི་འཇམ་དབྱངས་ཀྱི་སྒྲུབ་ཐབས་ཏེ་གསུམ་ལ་རྗེས་གནང་གཅིག༣།

འཇམ་དཔལ་རྡོ་རྗེ་སེར་པོ་ཞལ་གསུམ་ཕྱག་དྲུག་པ༤།

འཇམ་རྡོར་དམར་པོ་གཙོ་འཁོར་ལྔ༥། 

འཇམ་དབྱངས་ངག་གི་རྒྱལ་བོ་སེར་བོ་གཙོ་འཁོར་གཉིས༦།

འཇམ་དཔལ་རྒྱལ་བོ་རོལ་པ་དམར་སེར་ཕྱག་གཉིས་པ༧།

རིག་པ་འཛིན་པའི་སྡེ་སྣོད་ལས་གསུངས་པའི་འཇམ་དཀར་གཉིས་དང་། ཤེས་རབ་སྦྱོར་བ་གསུམ་ལ་རྗེས་གནང་གཅིག༨།

གུར་ནས་གསུངས་པའི་འཇམ་དཔལ་ཡན་ལག་མེད་པའི་རྡོ་རྗེ་སེར་པོ་ཕྱག་དྲུག་པ༩།

ཆོས་དབྱིངས་གསུང་དབང་ཞལ་བཞི་ཕྱག་བརྒྱད་པ༡༠།

མཚན་བརྗོད་ནས་གསུངས་པའི་འཇམ་དཀར་ཞལ་གསུམ་ཕྱག་བཞི་པ༡༡།

འཇམ་རྡོར་དཀར་པོ་དཔའ་གཅིག་ཕྱག་གཉིས་པ༡༢།

 འཇམ་དཔལ་ཤེས་རབ་འཁོར་ལོ་དཀར་པོ་ཕྱག་གཉིས་པ༡༣།

གཤིན་རྗེ་གཤེད་ནག་པོ་གདོང་དྲུག༡༤།

གཤིན་རྗེ་གཤེད་ནག་པོ་ཕྱག་གཉིས་པ༡༥།

དགྲ་ནག་ཞལ་གསུམ་ཕྱག་དྲུག་པ༡༦།

རྡོ་རྗེ་ཆོས་དམར་པོ་ཕྱག་གཉིས་པ༡༧།

 སེང་གེའི་སྒྲ་དཀར་པོ་ཕྱག་གཉིས་པ༡༨།

ཧ་ལ་ཧ་ལ་དཀར་པོ་ཞལ་གསུམ་ཕྱག་དྲུག་པ་གཉིས་ལ་རྗེས་གནང་གཅིག༡༩།

ཁ་སརྤཱ་ཎི་དཀར་པོ་ཕྱག་གཉིས་པ་ལྷ་ལྔ༢༠།

ཡི་གེ་དྲུག་པ་དཀར་པོ་ཕྱག་བཞི་པ་ལྷ་གསུམ༢༡།

ཧ་རི་ཧ་རི་ཧ་རི་ལ་ཞོན་པའི་སྤྱན་རས་གཟིགས་དཀར་པོ་ཕྱག་དྲུག་པ༢༢།

པདྨ་གར་དབང་དམར་པོ་ཕྱག་གཉིས་པ་གཙོ་འཁོར་དགུ༢༣།

སྒྱུ་འཕྲུལ་དྲ་བའི་སྤྱན་རས་གཟིགས་ནག་པོ་ཞལ་ལྔ་ཕྱག་བཅུ་གཉིས་པ༢༤།

དབང་བྱེད་སྒྲོལ་མ་ལྗང་གུ་ཕྱག་གཉིས་མ༢༥།

སྒྲོལ་དཀར་ཕྱག་བཞི་མ་གཙོ་འཁོར་གསུམ༢༦།

སེང་ལྡེང་ནགས་སྒྲོལ་ལྗང་གུ་ཕྱག་གཉིས་གཙོ་འཁོར་གསུམ༢༧།

སྒྲོལ་དཀར་ཚེ་འཛིན་ཕྱག་གཉིས་མ༢༨།

ཨོ་ཊི་ཡ་ནའི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་གཉིས་གཙོ་འཁོར་གཉིས་པའི་སྒྲུབ་ཐབས་གཉིས་ལ་རྗེས་གནང་གཅིག༢༩། 

རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་སེར་མོ་ཞལ་གསུམ་ཕྱག་བརྒྱད་གཙོ་འཁོར་ལྔ༣༠།

རྟོག་པ་ནས་གསུངས་པའི་འོད་ཟེར་ཅན་དཀར་མོ་ཞལ་ལྔ་ཕྱག་བཅུ་གཙོ་འཁོར་བཞི༣༡།

མྱ་ངན་མེད་པའི་ཤིང་གི་འོད་ཟེར་ཅན་སེར་མོ་ཕྱག་གཉིས་མ༣༢།

 ཨོ་ཊི་ཡ་ནའི་རིམ་པའི་འོད་ཟེར་ཅན་དམར་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ༣༣།

ཙུནྡ་དཀར་པོ་ཕྱག་བཞི་མ༣༤།

 ཛཾ་བྷ་ལ་སེར་པོ་ཕྱག་གཉིས་པ༣༥།

ཛཾ་བྷ་ལ་ནག་པོ་ཕྱག་གཉིས་པ༣༦།

ནོར་རྒྱུན་མ་སེར་མོ་ཕྱག་གཉིས་མ༣༧།

 ཁྲོ་གཉེར་ཅན་སེར་མོ་ཕྱག་བཞི་མ༣༨།

སྒྱུ་དྲ་ནས་གསུངས་པའི་བྱམས་པ་དམར་སེར་ཞལ་གསུམ་ཕྱག་བཞི་པ༣༩།

གུར་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་མ༤༠།

གདན་བཞི་དང་སམྦུ་ཊ་ནས་གསུངས་པའི་ཤེར་ཕྱིན་དཀར་མོ་ཕྱག་གཉིས་མ༤༡།

ཤེར་ཕྱིན་མ་སེར་མོ་ཕྱག་གཉིས་མ་གཉིས་སྔགས་མི་འདྲ་བས་རྗེས་གནང་གཉིས༤༢་་་༤༣།

ཤེར་ཕྱིན་སེར་མོ་དང་གསེར་མདོག་ཅན་ལ་རྗེས་གནང་གཅིག༤༤།

མི་གཡོ་བ་སྔོན་པོ་ཕྱག་གཉིས་ལ་རྗེས་གནང་གཅིག༤༥།

རྡོ་རྗེ་ཧཱུཾ་མཛད་ནག་པོ་ཕྱག་གཉིས་པ༤༦།

རི་ཁྲོད་མ་སེར་མོ་ཞལ་གསུམ་ཕྱག་དྲུག༤༧།

དགྲ་ནག་ནས་བཤད་པའི་རྡོ་རྗེ་དབྱངས་ཅན་མ་དམར་མོ་ཞལ་གསུམ་ཕྱག་དྲུག༤༨།

 བགེགས་མཐར་བྱེད་སྔོན་པོ་ཕྱག་གཉིས་པ༤༩།

རལ་གཅིག་མ་ནག་མོ་ཕྱག་བཞི༥༠། དུག་སེལ་མ་སེར་མོ་ཞལ་གསུམ་ཕྱག་དྲུག༥༡།

རིག་བྱེད་མ་དཀར་དམར་ཕྱག་བཞི་མ༥༢།

རྟོག་པ་ནས་གསུངས་པའི་ཀུ་རུ་ཀུལླེ་དམར་མོ་ཕྱག་བཞི་མ༥༣།

 སྒྲོལ་མ་མངོན་འབྱུང་ལས་གསུངས་པའི་རིག་བྱེད་མ་དམར་མོ་ཕྱག་བཞི་མ༥༤།

ཨོ་རྒྱན་ནས་བྱུང་བའི་རིག་བྱེད་མ་དམར་མོ་ཕྱག་བཞི་མའི་སྒྲུབ་ཐབས་གཉིས་ལ་རྗེས་གནང་གཅིག༥༥།

ཁམས་གསུམ་དབང་དུ་བྱེད་པའི་སྤྱན་རས་གཟིགས་དམར་པོ་ཕྱག་བཞི་པ༥༦།

གང་བ་བཟང་པོའི་རྒྱུད་ནས་གསུངས་པའི་ནོར་རྒྱུན་མ་གཙོ་བོར་བྱས་པའི་གནོད་གནས་ལྷ་ཉེར་བདུན༥༧།

རྒྱ་ནག་རིམ་པའི་སྒྲོལ་མ་ནག་མོ་ཕྱག་བཞི་མ༥༨།

 གུར་གྱི་རྡོ་རྗེ་སྒྲོལ་མ་སེར་མོ་ཞལ་བཞི་ཕྱག་བརྒྱད་ལྷ་བཅུ་གཅིག༥༩།

གཤེད་དམར་ཕྱག་གཉིས་པ༦༠། གཙུག་ཏོར་རྣམ་རྒྱལ་གཙོ་རྐྱང་༦༡།

རྣམ་སྣང་སྒྱུ་དྲ་ནས་གསུངས་པའི་སོ་འབྲང་སེར་མོ་ཞལ་བཞི་ཕྱག་བརྒྱད་མ༦༢།

རྨ་བྱ་ཆེན་མོ་ལྗང་གུ་ཞལ་གསུམ་ཕྱག་དྲུག༦༣།

སྟོང་ཆེན་རབ་འབྱམས་དཀར་མོ་ཞལ་གཅིག་ཕྱག་དྲུག་པ༦༤། ག

སང་སྔགས་རྗེས་འཛིན་མཐིང་ནག་ཕྱག་བཞི་མ༦༥། བསིལ་བའི་ཚལ་དམར་པོ་ཕྱག་བཞི་མ༦༦།

ཕྱིར་ཟློག་ཆེན་མོ་ནག་མོ་ཕྱག་དྲུག་པ༦༧།

རྒྱལ་མཚན་རྩེ་མོའི་དཔུང་རྒྱན་ནག་མོ་ཞལ་གསུམ་ཕྱག་བཞི་མ༦༨།

རྣམ་པར་རྒྱལ་མའམ་འཕགས་མ་གཞན་གྱིས་མི་ཐུབ་པ་སེར་མོ་ཕྱག་གཉིས་པ༦༩།

རྡོ་རྗེ་གནྔྷ་རི་ནག་མོ་ཞལ་དྲུག་ཕྱག་བཅུ་གཉིས་མ༧༠།

རྡོ་རྗེ་ནག་པོ་ཆེན་པོ་གུར་གྱི་མགོན་པོ༧༡།

རྡོ་རྗེ་ལྕགས་སྒྲོག་མ་ལྗང་གུ་ཞལ་གསུམ་ཕྱག་དྲུག༧༢།

སྟོབས་པོ་ཆེ་དམར་པོ་ཕྱག་བཞི་པ༧༣།

གདུགས་དཀར་ཞལ་གསུམ་ཕྱག་དྲུག་མ༧༤།

 རྟ་མགྲིན་དམར་པོ་ཞལ་གསུམ་ཕྱག་བརྒྱད༧༥།

ཀྱེེ་རྡོར་ཧེ་རུ་ཀ་སྔོན་པོ་ཕྱག་གཉིས་པ༧༦།

 བདག་མེད་མ་ནག་མོ་གཙོ་རྐྱང་ཕྱག་གཉིས་མའི་སྒྲུབ་ཐབས་གཉིས་ལ་རྗེས་གནང་གཅིག༧༧།

 རྡོ་རྗེ་ཕག་མོ་དམར་མོ་ཕྱག་གཉིས་མ༧༨།

དཀར་བའི་ལས་སྟོན་པའི་སྒྲོལ་དཀར་ཞལ་གསུམ་ཕྱག་དྲུག་མ་༧༩སྟེ་གསན་ཡིག་ཚོར་རྗེས་གནང་དོན་བརྒྱད་ལས་མེད་ཀྱང་འདིར་ཤེར་ཕྱིན་མ་སེར་མོར་སྔགས་ཀྱིས་ཕྱེ་བས་རྗེས་གནང་གཉིས་བྱས་པས་དོན་དགུ་བྱུང་།


རྗེ་ཤེས་རབ་རྒྱ་མཚོའི་གསན་ཡིག་ལས་བཤུས།


རྩོམ་སྒྲིག་པ། ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།ལྷག་པར་འཕྲིན་སྟེགས་དག་གིས་འགོད་དུས原创བྱས་ཏེ་འགོད་མི་ཆོག

དྲ་བའི་སྦྲེལ་ཐགhttp://www.tb1025.cn 

བརྒྱུད་འགོད།