ལམ་རིམ་ཁྲིད་ཆེན་བཅོ་བརྒྱད།

ཡོང་ཁུངས།   དགེ་ལུགས་དྲ་བ།     སྤེལ་དུས།  2019-10-04 11:51:01     རྩོམ་པ་པོ།   འཇིགས་མེད་བཟང་བོས་བསྒྲིགས།    ཀློག་ཐེངས།  

࿐ལམ་རིམ་ཁྲིད་ཆེན་བཅོ་བརྒྱད་ནི། ༡ བྱང་ཆུབ་ལམ་རིམ་ཆེན་མོ་དང་། ༢ ལམ་རིམ་འབྲིང་པོ། ༣ ལམ་རིམ་ཉམས་མགུར། ༤ དྭགས་པོ་སྒོམ་ཆེན་ངག་དབང་གྲགས་པའི་གསུང་ལམ་རིམ་ལེགས་གསུངས་ཉིང་ཁུ། ༥ རྒྱལ་བ་བསོད་ནམས་རྒྱ་མཚོའི་གསུང་ལམ་རིམ་གསེར་གྱི་ཡང་ཞུན་མ། ༦ རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་ལམ་རིམ་འཇམ་དཔལ་ཞལ་ལུང་། ༧ པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལམ་རིམ་བདེ་ལམ། ༨ པཎ་ཆེན་བློ་བཟང་ཡེ་ཤེས་ཀྱི་གསུང་ལམ་རིམ་མྱུར་ལམ་བཅས་ཡོངས་གྲགས་ཀྱི་ལམ་རིམ་ཁྲིད་ཆེན་བརྒྱད་ཀྱི་སྟེང་དུ། ༩ བྱང་ཆུབ་ལམ་གྱི་རིམ་པའི་ཁྲིད་ཡིག་ཀུན་གྱི་རྩ་བར་གྱུར་པ་ཇོ་བོ་རྗེའི་གསུང་བྱང་ཆུབ་ལམ་སྒྲོན་དང་། ༡༠ འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོའི་གསུང་ལམ་གཙོ་རྣམ་གསུམ་དང་། ༡༡ རྟོགས་བརྗོད་མདུན་ལེགས་མ། ༡༢ ཡོན་ཏན་གཞིར་གྱུར་མ། ༡༣ རྗེ་དགེ་འདུན་འཇམ་དབྱངས་ཀྱི་གསུང་ལྷོ་བརྒྱུད་ལམ་རིམ། ༡༤ ཀོང་པོ་ཡེ་ཤེས་བརྩོན་འགྲུས་ཀྱི་གསུང་ལམ་རིམ་བདུད་རྩིའི་སྙིང་པོ། ༡༥ ཞྭ་དམར་པཎྜི་ཏ་དགེ་འདུན་བསྟན་འཛིན་རྒྱ་མཚོའི་གསུང་བདེ་ལམ་གྱི་ཁྲིད་དམིགས་སྐྱོང་ཚུལ་དགེ་ལེགས་འོད་སྟོང་འགྱེད་པའི་ཉིན་བྱེད་དང་། ༡༦ ལྷག་མཐོང་དཀའ་འགྲེལ། ༡༧ རྗེ་ཕ་བོང་ཁའི་གསུང་ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་ཟིན་བྲིས་སུ་བཏབ་པ་ལམ་རིམ་རྣམ་གྲོལ་ལག་བཅངས། ༡༨ ཡོངས་འཛིན་ཁྲི་བྱང་རིན་པོ་ཆེས་མཛད་པའི་ལམ་རིམ་འབྲིང་པོའི་ས་བཅད་བཅས་སོ།།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 



བརྒྱུད་འགོད།