སེ་ར་ལྷ་རམས་པའི་འཛིན་གྲྭ།

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-01 17:14:16     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

ཐོག་མར་ལོ་ཆུང་དུས་ནས་དཔི་ཆ་སློབ་གཉེར་བྱས་ཏེ་འཛིན་གྲྭ་བགྲོད་དགོས་པ་ཡིན། འཛིན་གྲྭ་བཅུ་གསུམ་མམ་བཅུ་བཞི་ནི་སེ་ར་དགོན་པར་མཚོན་ན། ༡.བསྡུས་གྲྭའི་འཛིན་གྲྭ་ལོ་གཅིག་ ། ༢.གཞུང་གསར་པའི་འཛིན་གྲྭ་ལོ་གཅིག། ༣.གཞུང་རྙིང་པའི་འཛིན་གྲྭ་ལོ་གཅིག། ༤. གཞུང་གོང་མའི་འཛིན་གྲྭ་ལོ་གཅིག། ༥.སྐབས་གཉིས་པའི་འཛིན་གྲྭ་ལོ་གཅིག། ༦. སྐབས་བཞི་པའི་འཛིན་གྲྭ་ལོ་གཅིག། ༧.ཟུར་བཀོལ་གྱི་འཛིན་གྲྭ་ལོ་གཉིས། ༨. དབུ་མ་གསར་པའི་འཛིན་གྲྭ་ལོ་གཉིས། ༩.དབུ་མ་རྙིང་པའི་འཛིན་གྲྭ་ལོ་གཉིས། ༡༠འདུས་གསར་པའི་འཛིན་གྲྭ་ལོ་གཉིས། ༡༡.འདུས་བ་རྙིང་པའི་འཛིན་གྲྭ་ལོ་གཉིས། ༡༢. མཛོད་དང་པོའམ་་གསར་པའི་འཛིན་གྲྭ་ལོ་གཉིས། ༡༣.མཛོདརྙིང་པའི་འཛིན་གྲྭ་ལོ་གཉིས། ༡༤.དཀའ་རམས་འཛིན་གྲྭ་ལོ་གསུམ་བཅས། ཡང་འཛིན་གྲྭ་བཅོ་ལྔ་ཡིན་ན་བསྡུས་གྲྭ་ལ་འཛིན་གྲྭ་གསུམ་བྱས་ཏེ། བསྡུས་ཆུང་། བསྡུས་འབྲིང་། བསྡུས་ཆེན་པ་བཅས་ཕྱ་ནས་རྣམ་འགྲེལ་ལ་འཛིན་གྲྭ་ལོགས་སུ་ཡོད་པ་གཅིག་དང་ལོགས་སུ་མེད་པར་བསྡུས་ཆེན་སྐབས་རྣམ་འགྲེལ་སློབ་སྦྱོང་བྱེད་སྲོལ་ཡང་ཡོད། དཀའ་རམས་འཛིན་གྲྭ་ལོ་གསུམ་སྡོད་རིང་གཙོ་བོར་མཛོད་ལ་སློབ་སྦྱོར་ཐོག་སྔར་བལྟས་ཟིན་པའི་དབུ་མ་ཕར་ཕྱིན་སོགས་ལ་བསྐྱར་སྦྱོང་བྱས་ནས་ལོ་གསུམ་པའི་དགེ་བཤེས་ཀྱི་མིང་ཐོག་མར་བཏགས། དེ་ནས་དགེ་བཤེས་ལྷ་རམས་པའི་དམ་བཅས་ཞེས་སོ་སོའི་འཛིན་གྲྭ་ནས་བཟུང་འཛིན་གྲྭ་ཡོངས་རྫོགས་ལ་དམ་བཅའ་ཉིན་འཁྱོངས་བཞི་དང་མཚན་འཁྱོངས་བཞི་བཞག། དེ་ནས་ལྷ་ས་སྨོན་ལམ་ཆེན་མོར་དམ་བཅའ་ཉིན་མཚན་གཉིས་བཞག་ནས་ལྷ་རམས་ཐོན་པ། དེ་ནས་རྒྱུད་གྲྭ་སྟོད་སྨད་ལ་འགྲོ།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།