བཀའ་གདམས་ཆོས་འབྱུང

ཡོང་ཁུངས།   དགེ་ལུགས་པའི་དྲ་བ།     སྤེལ་དུས།  2018-12-01 17:10:39     རྩོམ་པ་པོ།   དུང་དཀར་བློ་བཟང་འཕྲིན་ལས།    ཀློག་ཐེངས།  

བཀའ་གདམས་ཀྱི་ཆོསབརྒྱུད་ཇི་ལྟར་བྱུང་ཚུལ་གྱི་ལོ་རྒྱུས་ལ་ཟེར། བཀའ་གདམས་ཆོས་འབྱུངདཔེ་རྒྱུན་དཀོན་པའི་གྲས། དབུས་པ་བློ་གསལ་གྱིས་མཛད་པའིབཀའ་གདམས་ཆོས་འབྱུངབཀྲ་ཤིས་ལྷུན་པོའི་གདན་རབས་གསུམ་པ་པཎ་ཆེན་ཡེ་ཤེས་རྩེ་མོས་མཛད་པའིབཀའ་གདམས་ཆོས་འབྱུངཔཎ་ཆེན་བསོད་ནམས་གྲགས་པས་མཛད་པའིབཀའ་གདམས་གསར་རྙིང་གི་ཆོས་འབྱུང་ཡིད་ཀྱི་མཛེས་རྒྱནདཔར་རྙིང་ཤོག་གྲངས༡༠༣ཡོད་པ། རྩེད་ཐང་ལས་ཆེན་ཀུན་དགའ་རྒྱལ་མཚན(པཎ་ཆེན་བསོད་ནམས་གྲགས་པའི་རྩ་བའི་བླ་མ)གྱིས་མཛད་པའིབཀའ་གདམས་ཆོས་འབྱུང་གསལ་བའི་སྒྲོན་མེའབྲས་སྤུངས་ཕོ་བྲང་གི་དཔར་རྙིང་ལ་ཤོག་གྲངས་༤༡༧ཡོད་པ་འདི་རྒྱས་ཤོས་ཡིན། འདིའི་ནང་དོན་མདོར་བསྡུས་ནི། ༡བཀའ་གདམས་པ་ངོས་བཟུང་ཚུལ་དང་བཀའ་གདམས་པའི་ཆོས་སྤྱིའི་དབྱེ་བ་བསྟན་པའི་སྐབས། ༢བཀའ་གདམས་པའི་མཛད་སྤྱོད་སྤྱིར་བསྟན་པའི་སྐབས། ༣ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་ཆེ་བའི་ཡོན་ཏན་བརྗོད་པའི་སྐབས། ༤ཇོ་བོ་རྗེའི་དངོས་སློབ་ཇི་ལྟར་བྱུང་ཚུལ་གྱི་སྐབས། ༥དཔལ་ལྡན་དགོན་པ་བའི་བཀའ་བརྒྱུད་ཀྱི་རྣམ་ཐར། ༦དགེ་བཤེས་སྤྱན་སྔ་བ་ནས་བརྒྱུད་པའི་བཀའ་གདམས་གདམས་ངག་པའི་བརྒྱུད་པའི་རྣམ་ཐར། ༧དགེ་བཤེས་པོ་ཏོ་བ་ནས་བརྒྱུད་པའི་བཀའ་གདམས་གཞུང་པའི་རྣམ་ཐར། ༨དགེ་བཤེས་ཕུ་ཆུང་བ་གཞོན་ནུ་རྒྱལ་མཚན་ནས་བརྒྱུད་པའི་བཀའ་གདམས་གླེགས་བམ་གྱི་བརྒྱུད་པའི་རྣམ་ཐར། ༩་བཀའ་གདམས་ཀྱི་གདམས་པ་ཐོར་བུ་བའི་བླ་བརྒྱུད་རྣམ་ཐར། ༡༠གཞུང་དང་གདམས་ངག་གཉིས་ཀའི་ཆུ་བོ་གཅིག་ཏུ་འདུས་པའི་བཀའ་གདམས་གསར་མར་གྲགས་པའི་རྣམ་ཐར་བཅས་ཡོད།

རྩོམ་སྒྲིག་པ།ཤེས་རབ་རལ་གྲི།

གསལ་འདེབས།

རྩོམ་འདིའི་པར་དབང་ངེད་དགེ་ལུགས་པའི་དྲ་བར་གཏོགས་པས་གང་འདོད་དུ་གཞན་དུ་མི་འགོད་པ་དང་། གལ་ཏེ་འགོད་ན་རྩོམ་ཁུངས་དང་སྦྲེལ་ཐག་གསལ་པོར་དགོད་པར་ཞུ།

དྲ་བའི་སྦྲེལ་ཐགhttp://www.tb1025.cn 


བརྒྱུད་འགོད།